ཟླ་11ཚེས་4ནས་6བར། སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་གིས་གཙོ་སྐྱོང་བྱེད་པའི་"འཕྲེད་རྒྱུག་རི་བོའི་གསའ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་བྱེད་སྒོའི་ཞིབ་བཤེར་བགྲོ་གླེང་"ཏུའུ་ཅན་ཡན་དུ་འཚོགས་པ་རེད། བགྲོ་གླེང་ཚོགས་འདུའི་ཐོག་ཏུ། སི་ཁྲོན་ཝོ་ལུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་སྐབས་གསར་པའི་གསའ་ཡི་གཞི་གྲངས་བསྡུ་བའི་གྲུབ་འབྲས་མུ་མཐུད་ནས་ཁྱབ་བསྒྲགས་བྱས་པ་དང་། ཝོ་ལུང་ཝེ་ཅཱ་གྲོག་རོང་ཁུལ་གྱི་ས་གནས་3དུ་དམར་ཕྱིའི་ཐིག་གི་པར་ཆས་ནས་གསའ་བཞིའི་གཟུགས་བརྙན་མཐོང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གསའ་ནི་དམིགས་བསལ་གྱི་སྲོག་ཆགས་ཡིན་པ་དང་། ལོ་གཅིག་གི་གཡས་གཡོན་ཙམ་ལ་ཨ་མ་དང་ཁ་བྲལ་ནས་རང་ཚུགས་ངང་འཚོ་བར་རོལ་ནས། ཁེར་རྐྱང་དང་བག་མེད་དང་། ཚོར་སྐྱེན་སྤྱང་གྲུང་འཛོམས་པ། འགྲོ་འདུག་དཔོག་པར་དཀའ་བ་བཅས་ཀྱི་གངས་རིའི་བདག་པོར་གྱུར་ཡོད་པ་རེད། གསའ་བཞི་པོ་གཅིག་འདྲ་ཡིན་པ་མཐོང་རྒྱུ་ཧ་ཅང་དཀོན་པོ་ཡིན་པ་རེད། འདི་ནི་སི་ཁྲོན་དུ་པར་བླངས་པ་ཐོག་མ་ཡིན་པ་རེད།།