སངས་རྒྱས་ཉི་མར་རྒྱལ་ཡོངས་ཀྱི་ཕུལ་དུ་བྱུང་བའི་གཞི་རིམ་གྱི་རིགས་གཞུང་སྒྲོག་འགྲེལ་པའི་མཚན་སྙན་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-10


    
        ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་གཞུང་ལས་ཐིང་གིས《གཞི་རིམ་དུ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་མཁན་གྱི་སྔོན་ཐོན་ཚོགས་པ་དང་མི་སྣ། ཕུལ་བྱུང་སྒྲོག་འགྲེལ་སྙན་སྒྲོན་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ཡོངས་བསྒྲགས་བྱས་ནས་གཞི་རིམ་དུ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་མཁན་གྱི་སྔོན་ཐོན་ཚོགས་པ39དང་གཞི་རིམ་གྱི་སྔོན་ཐོན་མི་སྣ36  ཕུལ་བྱུང་གི་སྒྲོག་འགྲེལ་སྙན་སྒྲོན22ལ་གཟེངས་བསྟོད་བྱས་པ་རེད། དཔལ་ཡུལ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་སངས་རྒྱས་ཉི་མ་ལ་གཟེངས་བསྟོད་འདི་ཐོབ་ནས་ཞིང་ཆེན་ཡོངས་སུ་མཚན་སྙན་འདི་ཐོབ་མཁན་གྱི་སྔོན་ཐོན་མི་སྣ་ཁོ་ནར་གྱུར་པ་རེད། 

        སངས་རྒྱས་ཉི་མས་དུས་ཡུན་རིང་པོར་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱས་པའི་གྲུབ་འབྲས་དང་ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས་བཅས་སྒྲོག་འགྲེལ་བྱས་ཤིང་། བོད་ཁུལ་གྱི་གཞི་རིམ་སྒྲོག་འགྲེལ་པའི་ལས་འགན་ཁུར་བ་ནས་བཟུང་སངས་རྒྱས་ཉི་མས་དེ་བས་ཀྱང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱ་རྒྱུར་སེམས་ཤུགས་བསྒྲིམས་པ་རེད། ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པར་སློབ་ཁྲིད་བྱས་པ་ཕུད། ཁོས་མ་སྐུལ་དང་བླངས་ཀྱིས་ལས་ཁུངས་དང་ཁྲོམ་ལམ། འདུས་སྡེ་ཁུལ། ཁེ་ལས། སློབ་གྲྭ། དམག་སྒར། ཞིང་འབྲོག་ས་ཁུལ་སོགས་སུ་ཕྱིན་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱས་ཏེ་ཏང་གི་འཕྲིན་བཟང་གཞི་རིམ་དུ་དྲིལ་བསྒྲགས་བྱས་པར་བརྟེན། སྔོན་ཆད་སངས་རྒྱས་ཉི་མར་སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ་གྱི་ཕུལ་དུ་བྱུང་བའི་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་པའི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་མྱོང་བ་རེད།

        རགས་རྩིས་བྱས་པར་གཞིགས་ན། ལོ་བདུན་གྱི་རིང་ལ་སངས་རྒྱས་ཉི་མ་ཞིང་ཆེན་ཏང་ཨུས་གཞི་རིམ་དུ་བསྒྲགས་པ་གསུམ་དང་སྤྲོ་དགའ་བོད་ཁུལ་དུ་བསྐྱལ་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་གཞི་རིམ་དུ་སྒྲོག་འགྲེལ་བྱས་པ་དང་། ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་འཆམ་མཐུན་གྲོང་གསེབ་ཏུ་བསྐྱལ་བ། དེ་བཞིན་དུ་རྒྱལ་གཅེས་ཁྲིམས་སྲུང་། དྲིན་གཟོ། མཐུན་སྒྲིལ་བཅས་གཞི་རིམ་མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་བཅས་སྒྲོག་འགྲེལ་བྱེད་སའི་ནང་ཞུགས་ནས་སྒྲོག་འགྲེལ་བྱེད་ཐེངས816ལ་ཟིན་པ་དེ་ཁུལ་ཡོངས་ཀྱི་རྫོང་ཁག་བཅོ་བརྒྱད་ཀྱི་ཤང་དང་གྲོང་རྡལ167དང་དགོན་སྡེ256ལ་ཁྱབ་པར་བརྟེན། སངས་རྒྱས་ཉི་མའི་སྒྲོག་འགྲེལ་ལ་ཉན་འཇོག་བྱས་མྱོང་མཁན་གྱི་མིའི་ཐེངས་གྲངས་ཁྲི20.3ལ་ཟིན་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1