འགྲན་སྡུར་འདི་ནི་རང་ཁུལ་གྱི་ལུས་རྩལ་ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་ཟིན་པའི་བྱེད་སྒོ་ཞིག་ཡིན་པ་མ་ཟད།རང་ཁུལ་གྱིས་ཐོག་དང་པོར་སྤེལ་བའི་ཞིང་ཆེན་རིམ་པའི་ལས་ཞོར་རྐང་རྩེད་སྤོ་ལོའི་འགྲན་སྡུར་གྱི་རིམ་མཚུངས་མཉམ་འགྲན་ཞིག་ཀྱང་ཡིན་པ་རེད།
མགོ་རྩོམ་པའི་མཛད་སྒོ་མཇུག་བསྡུས་རྗེས། ལུས་རྩལ་བ་རྣམས་ཀྱིས་འགྲན་སྡུར་ལ་ལྟ་གོན་བྱས། ཐེངས་འདིའི་འགྲན་སྡུར་ལ་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཀྱི་ཚོགས་སྡེ་ཁག་གིས་འགན་སྒྲུབ་བྱས་པ་སོགས་སྔར་དང་མ་འདྲ་བའི་འགྲན་སྡུར་གྱི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད། འགྲན་སྡུར་ལ་ལུས་རྩལ་བ180ཞུགས་ཡོད་པ་དང་རུ་ཁག19ཡོད།།