ཁྲིམས་དང་འགལ་བའི་འདེམས་བསྐོའི་བྱ་སྤྱོད་ལ་རྣམ་པ་བཞི་ཡོད་དེ།
གཅིག བཙན་དབང་དང་འཇིགས་སྐུལ། མགོ་སྐོར། ལྐོག་རྔན་སྟེར་བ།འདེམས་ཤོག་རྫུན་མ་བཟོ་བ་སོགས་ཀྱིས་འདེམས་བསྐོའི་བྱ་བར་བར་ཆད་གཏོང་བའི་ཚུལ་མིན་གྱི་བྱ་སྤྱོད་རིགས།
གཉིས། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོའི་མི་སྣ་བརྗེ་བ་དང་བསྐོ་བ།མངག་གཏོང་བྱེད་པ། མེད་བརླག་བཟོ་བའི་བྱ་སྤྱོད་རིགས།
གསུམ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་བྱ་སྤྱོད་ལ་དགག་པ་དང་སུན་འབྱིན་གཏོང་བ་དང་།ཡང་ན་སྡེ་དམངས་ལ་གནོད་པ་གཏོང་བའི་བྱ་སྤྱོད།
བཞི། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་བྱ་བར་གཏོར་བརླག་ཚབས་ཆེན་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་བཅས་སོ། །
(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ལས་བཤུས།)