ཆེད་དམིགས་བཅོས་སྒྲིག་བྱ་འགུལ་གྱི་བརྒྱུད་རིམ་ཁྲོད། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོ་དང་། ཡུལ་སྐོར་གྱི་ལམ་ཐིག རྫོང་དང་ཡུལ་ཚོ་ཡི་འགྲོ་ལམ། ཨར་ལས་ལམ་སོགས་གཙོ་གནད་གཞུང་ལམ་རྣམས་ལ་གཙོ་ཆེར་བཅོས་སྒྲིག་བྱས་ནས། གྲོང་ཁྱེར་དུ་ཡོང་བ་དང་ཕྱིར་འགྲོ་བའི་ཕྱོགས་ལ་ཞིབ་བཤེར་བྱེད་ས་བཙུགས། གཞུང་ལམ་འགྲུལ་སྐྱེལ་རླངས་འཁོར་དང་། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར། ཉེན་ཡོད་རྫས་འགྱུར་དངོས་རྫས་འགྲུལ་སྐྱེལ་རླངས་འཁོར། སློབ་མ་བསུ་སྐྱེལ་རླངས་འཁོར། གྲོང་གསེབ་ཀྱི་མགྲོན་འཁོར་ཆུང་བ། འཁོར་གསུམ་གློག་འཁོར། འཕྲུལ་རྟ་བཅས་ཀྱི་འགྲོས་ཚད་བརྒལ་བ་དང་། མི་གྲངས་བརྒལ་བ། རླངས་འཁོར་ངལ་དུབ་ངང་སྐོར་བ། ཁ་ལོ་ཆོག་ཡིག་མེད་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ལ་ཞིབ་གཅོད་བྱས།
འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་དོ་དམ་སྔར་བས་ཤུགས་ཆེར་བཏང་ཞིང་། འགྲོ་ལམ་ལས་འཛོལ་སྣ་ཚོགས་སྔོན་འགོག་དང་བཀག་སྡོམ། ཞིང་འབྲོག་མང་ཚོགས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བཅའ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་ཆེད། རྔ་བ་རྫོང་གིས་ལྟོས་བཅས་ཀྱི་རིག་གནས་ཆུ་ཚད་ཅུང་དམའ་བ་དང་ཆ་རྐྱེན་ཞན་པ། ས་ཐག་རིང་ཤོས་ཀྱི་འབྲོག་ཁུལ་གཅའ་རོལ་གྲོང་རྡལ་དང་། རྨེའུ་རུ་མ་ཡུལ་ཚོ། ཆོས་རྗེ་མ་ཡུལ་ཚོ། ཅ་ཁོག་འབྲོག་ར་བཅས་ཞིང་འབྲོག་མང་ཚོགས་ཀྱིས་འཕྲུལ་སྒུལ་འཁོར་ལོ་སྐོར་བའི་གསོ་སྦྱོང་ལས་དོན་སྤེལ། གསོ་སྦྱོང་ས་ཚིགས་4དང་གསོ་སྦྱོང་ལ་ཞུགས་པའི་ཞིང་འབྲོག་སློབ་མ་1300ལྷག་ཡོད།
བསྡོམས་རྩིས་ལྟར་ན། སྒྲིག་བཅོས་བྱེད་པའི་བར་ལ་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་811ཞིབ་གཅོད་བྱས་ཡོད། དེར་ཁ་ལོ་ཆོག་ཡིག་མེད་པ་89དང་། སྒུལ་སྐྱོད་རླངས་འཁོར་གྱི་ཨང་རྟགས་བཀལ་མེད་པ་5། བསྐོར་ཆོག་དང་མི་མཐུན་པ་2། བདེ་སྲུང་སྒྲིག་བཀོད་མི་ཚང་པ་98། གཏན་འབེབས་ལྟར་ཉེན་སྲུང་སྐེ་རགས་བཅིངས་མེད་པ་109། ཁྲིམས་འགལ་རླངས་འཁོར་བཞག་པ215། བཀག་སྡོམ་རྟགས་མཚན་ལས་བརྒལ་བ་245། སྲིད་འཛིན་བཀག་ཉར་བྱས་པའི་མི་33། གཞན་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་48། རྐུ་འཕྲོག་བྱས་པའི་འཕྲུལ་སྒུལ་རླངས་འཁོར་15དང་། རྐང་གསུམ་འཁོར་ལོ། འཕྲུལ་རྟ། སྐམ་གློག་འཁོར་ལོ་བཅས་འགྲོ་ལུགས་མེད་པའི་འཁོར་ལོ་215། ལྷུ་ཆག་རླངས་འཁོར་9བཅས་རྩིས་ལེན་བྱས་ཡོད།
ཐེངས་འདི་ཆེད་དམིགས་སྒྲིག་བཅོས་བྱ་འགུལ་བརྒྱུད་དེ། རྔ་བ་རྫོང་གི་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་དང་རྣམ་པར་ཡར་ཐོན་ཆེན་པོ་ཐོབ་ཡོད་པ་དང་། བགྲོད་ལམ་འགྲིམ་འགྲུལ་ནང་ཞུགས་མཁན་གྱི་ཁྲིམས་སྲུང་འདུ་ཤེས་ཇེ་མཐོ་རུ་བཏང་ཡོད་ཅིང་། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་གནས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ཡོད་དོ།།