༄༅།། གངས་ཅན་པའི་ཡིག་གཟུགས་དངོས་སུ་མཐོང་བའི་གོ་རིམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18


 

     རྟག་གཟིགས་སུ་སྤུངས་སོ་ཆེ་ཆུང་དང་། སྨར་ཆེན་སྨར་ཆུང་། ལྷ་བབ་ཡི་གེ  ཀོང་ཙེའི་འཕྲུལ་ཡིག ཞང་ཁྱུང་དྲག་ཡིག་བཅས་དང་། སྒྱོགས་དཀར་མོ་གནམ་ལ་མཆོང་འདྲ། སོ་ཕག་གཤིབ་འདྲ། བྱ་ཕོ་འཇོལ་འདྲ། ནས་སྔོན་ཕྱིང་དཀར་བཀྲ་འདྲ། མུ་ཏིག་སྟར་ལ་བརྒྱུད་འདྲ། སྦུར་ནག་བགྲད་འདྲ། ཉ་མོ་ཆུ་ལས་ཕྱུང་འདྲ། སེང་གེ་གནམ་དུ་འཕྱོངས་འདྲ་བཅས་ལས་ལྡན་ལུགས་དང་། ལི་ལུགས། སྐ་ལུགས། སྦལ་ལུགས། མང་ལུགས། མགོ་སྣོག་མ། ཁྲ་སྟྭ་རེ་མ། ཁྲ་ཆེ་ཆུང་། འབྲུ་ཚ་སྒོང་ཞབས་མ།གཏེར་ཡིག མཁའ་འགྲོའི་བརྡ་ཡིག གཏེར་ཡིག ཨམ་ཡིག ཁམས་བྲིས། དབུས་བྲིས། གཙང་བྲིས། སྡེབ་བྲིས། ཀརྨ་སྒར་བྲིས། ཧོར་ཡིག ལཉྫ། ཝ་རྟུ། བློ་ལྡན་ཡིག་གསར་བཅས་ཀྱི་འཕེལ་རིམ་བྱུང་བ་ལས། རྫབ་ཆེ་ཆུང་ལ་ཤ་གཟུགས་དང་རུས་གཟུགས་གཉིས་ལས་པ་ཊ་དང་ནས་དུང་འདྲ་གསུམ་གྱི་ཁྱད་ཆོས་ལྡན་པ་དང་། དབ་མེད་ལ་སུག་རིང་སུག་ཐུང་གཉིས་ལས་ཚག་ཟླུམ་དཔེ་བྲིས་གསུམ་བྱུང་། འབྲུ་མ་ལ་བཤུར་མ་དང་དཀྱུས་ཡིག་བཅས་དྲུག་པོ་རྩ་བར་གསུངས་སོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1