ཟླ་11ཚེས་15ཉིན་གྱི་ཆུ་ཚོད་2དང་སྐར་མ་35ཐོག རང་རྒྱལ་གྱི་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་རྒྱང་བསྐྱོད་ཨང་བཞི་པ་མེ་ཤུགས་འཕུར་མདའ་ག་པར་བརྟེན་ནས། འགྱུར་མང་ཨང་གསུམ་པ་Dརྟགས་ཅན་གནམ་དཔྱད་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་ལེགས་གྲུབ་བྱུང་བ་དང་། སྲུང་སྐར་བདེ་བླག་ངང་སྔོན་རྩིས་ཀྱི་འཁོར་ལམ་དུ་རྒྱུ་བཞིན་ཡོད་པ་རེད།།