ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུ་རེད།
ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-16
སྤྱི་ཟླ་11པའི་ཚེས་14ཉིན་ལ། 《སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཞུང་ལས་ཐིང་གིས་ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཐད་ཀྱི་འབྲེལ་ཡོད་རྣམ་གྲངས་ཀྱི་ཡིག་ལེན》ཁྱབ་བསྒྲགས་བྱས་ཤིང་། ཞིང་ཆེན་སྲིད་གཞུང་གིས་རྩ་དོན་ཐོག་ཏུ་ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་BOTབྱེད་སྟངས་ལྟར་འཛུགས་སྐྲུན་བྱེད་པར་ཡིད་མཐུན་བྱུང་། མྱུར་བགྲོད་གཞུང་ལམ་དེ་ལེགས་འགྲུབ་བྱུང་རྗེས་ཁྲེན་ཏུའུ་ནས་དུང་དཀར་ལུང་པ་ལ་དུས་ཚོད་4དང་དར་རྩེ་མདོ་ལ་དུས་ཚོད་5ལས་མི་འགོར།
ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་མོ་རྔུལ་ཆུའི་ངོགས་སུ་བསྲིངས་ཤིང་ལམ་ཐག་ཁྱོན་ཡོངས་ལ་སྤྱི་ལེ97ཡོད་པ་དང་། དེ་ལས་དཀར་མཛེས་ཁོངས་སུ་སྤྱི་ལེ་58དང་གཡག་རྔའི་ཁོངས་སུ་སྤྱི་ལེ་40གཏོགས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར145.5ཙམ་གཏང་དགོས་པ་རེད།།