རང་རེའི་ཞིང་ཆེན་གྱི་ལོ་ཧྲིལ་བོའི་དབུལ་བྲལ་ལས་འགན་ཚད་ལས་བརྒལ་ནས་ལེགས་འགྲུབ་ཡོང་བའི་རེ་བ་ཡོད་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-20


        གསར་འགོད་པས་ཞིང་ཆེན་དབུལ་བྲལ་འགག་སྒྲོལ་གཞུང་ལས་ཁང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། མིག་སྔར། དབུལ་སྐྱོར་རྣམ་གྲངས་22ལ་ཆེད་སྐྱོད་མ་དངུལ་སྒོར་དུང་ཕྱུར་1100དང་བྱེ་བ་ས་ཡ་2དམིགས་སར་འབྱོར་ཡོད་པས། འཆར་འགོད་ཀྱི་བརྒྱ་ཆའི་102་དང་གྲངས་ཆུང་4ཟིན་ཡོད་པ་དང་། འཆར་གཞི་བཀོད་པའི་དབུལ་བྲལ་མི་གྲངས་ཁྲི་105ལ་གཅིག་ཚད་ལས་བརྒལ་བ་དང་དྲུག་ཡོད་པ། འཆར་གཞི་བཀོད་པའི་དབུལ་ཕོངས་ལས་ཐར་བའི་གྲོང་སྡེ་3700ལ་མ་མཐའི་འཚོ་བའི་འགན་སྲུང་གཅིག་ལག་བསྟར་བྱས་པ་དང་། ལྔ་ཡོད་པ་ཚད་ལོན་ཚད་དེ་བརྒྱ་ཆའི་99ལས་བརྒལ་ཡོད་པ། འཆར་གཞི་བཀོད་པའི་དབུལ་ཕོངས་གི་ཞྭ་མོ་ཕུད་པའི་རྫོང་15ལ་མ་མཐའི་འཚོ་བའི་འགན་སྲུང་གཅིག་ལག་བསྟར་བྱས་པ་དང་། གསུམ་ཡོད་པ་ཚད་ལོན་ཚད་དེ་བརྒྱ་ཆའི་100ཟིན་ཡོད་བཅས་ཡིན་པས། ལོ་ཧྲིལ་བོའི་དབུལ་བྲལ་ལས་འགན་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་རྒྱུ་རེད།
  དབུལ་སྐྱོར་བྱེད་ཐབས་ཁག་བརྟན་པོའི་ངང་སྐུལ་སྤེལ་བཏང་ཡོད་པ་སྟེ། ཐོན་ལས་དབུལ་སྐྱོར་ཐད་ནས། རང་རེའི་ཞིང་ཆེན་གྱིས་ཐོན་ལས་རྟེན་གཞི་མུའུ་ཁྲི་302གསར་འཛུགས་དང་བསྐྱར་བཟོ་བྱས་པ་དང་། ཡུལ་སྐོར་དབུལ་སྐྱོར་དེ་དབུལ་ཕོངས་གྲོང་སྡེ་1000ལྷག་ཏུ་ཡོངས་སུ་ཁེབས་པར་བྱས། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་ཁྲི་77དང་སྟོང་གཅིག་ལ་ལས་ཞུགས་སྤོ་སྒྱུར་བྱས་པར་མངོན་འགྱུར་བྱས། སྤྱི་ཕན་རང་བཞིན་གྱི་ལས་རྐང་དུ་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་8ཁྲི་3སྟོང་བཀོད་སྒྲིག་བྱས། དབུལ་ཕོངས་ཁྱིམ་ཚང་ཁྲི་11དང་སྟོང་8ལ་ཉེན་ཁ་ཡོད་པའི་སྡོད་ཁང་བསྒྱུར་བཀོད་བྱས་ནས་ལེགས་གྲུབ་བྱུང་ཚད་བརྒྱ་ཆའི་91ཟིན་པ། དབུལ་ཕོངས་སློབ་མ་ཐད་ལ་ཆེད་སྐྱོད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་127་དང་བྱེ་བ་7བཀོལ་སྤྱོད་བྱས་ནས་མི་ཁྲི་378ལ་ཁེ་ཕན་ཐོབ་པ། ཞིང་བའི་མཚན་མོའི་སློབ་གྲྭ་4ཁྲི་5སྟོང་འཛུགས་སྐྲུན་བྱེད་པར་རྒྱུད་མཐུད་དུ་སྐུལ་སྤེལ་བཏང་ནས།དབུལ་ཕོངས་མང་ཚོགས་ཀྱི་སྒུལ་ཤུགས་མུ་མཐུད་དུ་སྐུལ་སློང་བྱས་པ་རེད།
        ཆེས་དབུལ་ཕོངས་ཀྱི་གནད་དོན་ལ་དམིགས་ནས། རང་རེའི་ཞིང་ཆེན་གྱིས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་5དང་བྱེ་བ་གཅིག་དོན་འཁྱོལ་བྱས་ནས་ཤར་ནུབ་ས་ཁུལ་གྱི་དབུལ་སྐྱོར་སྐུལ་སྤེལ་གཏོང་བར་མཐུན་སྦྱོར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་11དང་བྱེ་བ་2ས་ཡ་8གཏོང་འཇོག་བྱས་ནས་ཞིང་ཆེན་ནང་ཁུལ་དུ་རིགས་མཐུན་རོགས་སྐྱོར་ཐད་ཀྱི་རྣམ་གྲངས་673ལག་བསྟར་བྱས་པ་རེད།
        དེ་མིན་ད་དུང་། རང་རེའི་ཞིང་ཆེན་གྱིས་ས་ཁུལ་བགོས་པ་དང་། ལས་རིགས་བགོས་པ། མངའ་ཁོངས་བགོས་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་པ་དང་།ཐོན་ལས་དབུལ་སྐྱོར་སོགས་ཀྱི་ལས་ཡུལ་དངོས་ཀྱི་སྐུལ་སྤེལ་གྲོས་ཚོགས་དང་གསབ་སྦྱོང་ཚོགས་འདུ་20ལྷག་བསྡུ་འཚོགས་བྱས་ནས། ལས་ཀ་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་ཆེན་མོ་བཏང་བ་རེད།
        ཞིང་ཆེན་དབུལ་སྐྱོར་འགག་སྒྲོལ་གཞུང་ལས་ཁང་གིས་འགན་ཁུར་མི་སྣ་ཡིས་ད་ལོའི་དམིགས་འབེན་ལས་འགན་ལེགས་འགྲུབ་ཡོང་མིན་དེ་གཙོ་བོ་དེ་མཇུག་འབྲས་བཟང་མིན་ལ་རག་ལས་ཡོད།གོ་རིམ་རྗེས་པའི་ནང་། རང་རེའི་ཞིང་ཆེན་གྱིས་སེམས་ཁྲལ་མི་བྱེད་པ་གཉིས་དང་འགན་ལེན་གསུམ་གྱི་དམིགས་འབེན་ལ་དོ་སྣང་བྱས་ནས། མི་འདང་ས་ཁ་གསབ་དང་། གནད་དོན་དག་ཐེར། ལས་དཔྱད་དཔྱད་དཔོག་སོགས་ཀྱི་ལས་ཀ་ནན་མོ་སྤེལ་ནས། དགུན་ཁའི་ལས་ཀ་ཁག་ནུས་ཤུགས་ཡོད་རྒུའི་སྒོས་སྐུལ་སྤེལ་བཏང་ནས། ད་ལོའི་དབུལ་བྲལ་འགག་སྒྲོལ་ཐད་ཡང་བསྐྱར་རྒྱལ་ཁ་ལེན་པར་ཁག་ཐེག་ཡོང་བ་བྱ་དགོས་པའི་རྣམ་པ་བསྟན།
        ཞིབ་བཤེར་རྩིས་ལེན་དང་ལས་དཔྱད་ནི་མིག་སྔའི་ལས་ཀ་གལ་ཆེན་ཞིག་ཡིན་པ་རེད། གནས་ཚུལ་རྒྱུས་ལོན་པ་ལྟར་ན། ད་ལོར་རང་རེའི་ཞིང་ཆེན་གྱིས་གྲོང་ཁྱེར་དང་རྫོང་ཏང་ཨུའི་སྲིད་གཞུང་གི་ལས་ཀའི་གྲུབ་འབྲས་ལ་ལས་དཔྱད་བྱ་རྒྱུ་ཡིན་པ་མ་ཟད།ད་དུང་ཆེད་སྐྱོད་དབུལ་སྐྱོར་དང་། གནས་གཏན་ཁེ་ལས་གྱི་དབུལ་སྐྱོར། ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར་གྱི་བོད་ཁུལ་དང་དབྱིས་ཁུལ་བཅས་ཀྱི་ལས་ཀའི་གྲུབ་འབྲས་ལ་ལས་དཔྱད་བྱ་རྒྱུ་དང་། ལས་ཀའི་བཀོད་སྒྲིག་ལྟར་ན། ཟླ་བ་11པའི་ཚེས་5ཉིན་གྱི་སྔོན་ལ། འབྲེལ་ཡོད་གྲོང་ཁྱེར་དང་རང་སྐྱོང་ཁུལ་དུ་དབུལ་ཕོངས་ཞྭ་མོ་ཕུད་པ་འཆར་གཞི་བཀོད་པའི་རྫོང་15ལ་ཐོག་པའི་ཞིབ་བཤེར་བྱ་རྒྱུ་དང་། ཞིང་ཆེན་རིམ་པའི་དབུལ་ཕོངས་ཞྭ་མོ་ཕུད་པ་འཆར་གཞི་བཀོད་པའི་རྫོང་15ལ་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་དེ་ཟླ་བ་12པའི་ཚེས་15ཉིན་གྱི་སྔོན་དུ་ལེགས་འགྲུབ་ཡོང་བ་བྱ་རྒྱུ་རེད།།








        


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1