ཆའང་རིགས་མི་དམངས་རྣམས་ལོ་སར་ལ་རོལ་བ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-21


      དེ་རིང་ནི་ལུགས་རྙིང་གི་ཟླ་10བའི་ཚེས་1ཉིན་ཡིན་ལ། ཆའང་རིགས་མི་དམངས་ལ་མཚོན་ན་ཐུན་མོང་མ་ཡིན་པའི་དུས་སྟོན་གྱི་ཉིན་མོ་ཞིག་ཡིན་སྟེ། ཆའང་རིགས་ཀྱི་ལོ་སར་རེད། 

      དེ་རིང་། འབར་ཁམས་ས་ཁུལ་ནས་ཆའང་ལོ་སར་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་འཚོགས་ཏེ། ཆའང་རིགས་མི་དམངས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས་པར་མ་ཟད། སྙན་པའི་གླུ་དང་སྐྱིད་པའི་གར་ལ་རོལ་ནས་དགའ་སྐྱིད་ཀྱི་དཔལ་ལ་རོལ་བ་རེད། 

      ཆའང་ལོ་སར་ལ་ཆའང་རིགས་ཀྱི་ལོ་སར་དང་ལོ་ལེགས་དུས་ཆེན་ཡང་ཟེར། ལོ་རེའི་ལུགས་རྙིང་གི་ཟླ་བཅུ་བའི་ཚེས་གཅིག་ཉིན་ལ་ཆའང་ལོ་སར་རོལ་བ་རེད། དེ་ནི་ཆའང་རིགས་མི་དམངས་ཀྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་བདེ་སྐྱིད་ལྡན་པར་སྨོན་ལམ་འདེབས་པ། ལྷན་འཛོམས་ཀྱི་སྤྲོ་སྐྱིད་གླེང་བ། གེགས་སེལ་སྨོན་འདེབས་ཀྱི་རྟེན་འབྲེལ་མཛད་སྒོ་ཕུན་སུམ་ཚོགས་པ་སྤེལ་བའི་དུས་ཆེན་ཞིག་ཡིན། 

      བཤད་རྒྱུན་ལྟར་ན། ཆའང་ལོ་སར་ནི་ཆིན་རྒྱལ་རབས་སྔོན་དུ་དར་བ་ཞིག་ཡིན་ལ། ལོ་རེར་ཆེས་གཟབ་རྒྱས་ཆེ་བའི་དུས་སྟོན་ཞིག་ཡིན། དུས་སྟོན་སྐབས་སུ། ཆའང་རིགས་མི་དམངས་ཀྱིས་ལུས་ལ་མཛེས་པའི་རྒྱན་གོས་གོན་ན ས་ཉིན་3ནས་5བར་ལ་དགའ་དགའ་སྤྲོ་སྤྲོའི་ངང་དུས་སྟོན་རོལ་བ་རེད། 

     ད་ལོར། ཆའང་ལོ་སར་སྐབས་སུ། མའོ་རྫོང་དང་ཝུན་ཁྲོན། ལིས་རྫོང་། པའེ་ཁྲོན་བཅས་རྫོང་ཁག་བཞི་སླར་ཡང་ལྷན་དུ་འཛོམས་ནས་ཁྱད་ཆོས་ལྡན་ལ་ནང་དོན་ཕུན་སུམ་ཚོགས་པའི་གླུ་གར་སོགས་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1