བོད་ལྗོངས་ཀོ་རྩལ་ཞབས་བྲོའི་རྒྱུན་འཛིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-22


        སྔོན་ཆད་ཞི་བདེ་གྲོང་ཚོའི་བགྲེས་སོང་ས་ནས་གནའ་བོའི་ཞབས་བྲོ་སྦྱངས་མྱོང་ཞིང་། ཞི་བདེ་ཀོ་རྩལ་ཞབས་བྲོའི་རྒྱུན་འཛིན་པ་རྟ་མགྲིན་ཡེ་ཤེས་ཀྱིས་གསར་འགོད་པར། ད་ལྟ་གྲོང་ཚོའི་ནང་དུ་མི་སུམ་ཅུ་སོ་གྲངས་ཀྱིས་ཞབས་བྲོ་དེ་འཁྲབ་ཤེས་ཀྱི་ཡོད་རེད་ཅེས་བཤད། 

        རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀོ་རྩལ་ཞབས་བྲོ་འཁྲབ་སྟོན་ནི་ཉེ་སྔོན་བོད་ལྗོངས་མངའ་རིས་སུ་སྤེལ་བ་རེད།

        ཀོ་རྩལ་ཞབས་བྲོར་ལོ་1300ཡི་ལོ་རྒྱུས་ལྡན་ཞིང་། གནའ་སྔ་མོར། དམག་འཁྲུག་ལས་རྒྱལ་ཁ་ཐོབ་པར་རྗེས་དྲན་བྱེད་ཆེད། མངའ་རིས་སྤུ་ཧྲེང་རྫོང་ཞི་བདེ་གྲོང་མིས་དམངས་ཁྲོད་ཀྱི་ཞབས་བྲོ་འདི་གསར་གཏོད་བྱས་པ་རེད། ཀོ་རྩལ་ཞབས་བྲོ་ནི་སྤྱིར་བཏང་དུ་གླུ་ལེན་པ་གཙོ་བོ་དང་། དེར་བསྟུན་ནས་རྔ་རྡུང་བ་དང་། འཁྲབ་སྟོན་པས་ལས་སླ་བའི་རྡོག་བྲོ་འཁྲབ་པའམ་སྐོར་བ་རྒྱག་པ། ཡང་ན་གྲལ་སྟར་སྒྲིག་བཞིན་ཡོད། 

        རྟ་མགྲིན་ཡེ་ཤེས་ཀྱིས་ངས་ད་ལྟ་སློབ་ཕྲུག་17ཁྲིད་ཡོད། ཞིང་ལས་བྲེལ་བ་མེད་དུས་ཚང་མ་མཉམ་དུ་འཛོམས་ནས་ཀོ་རྩལ་འཁྲབ་ཀྱི་ཡོད་ཅེས་བཤད་བྱུང་། ཁོང་ནི་ཆུང་དུས་ནས་གནའ་བོའི་ཞབས་བྲོ་སྟེ་མི་རིགས་ཀྱི་ཞབས་བྲོ་འདིར་དགའ་པོ་ཡོད་ལ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོའི་སྒྱུ་རྩལ་འདི་མུ་མཐུད་སྤེལ་བསམ་གྱི་ཡོད་པ་དང་། ད་ལྟ། ཞབས་བྲོའི་རུ་ཁག་ལ་ལོ་ན་རྒས་ཤོས་ཀྱི་འཁྲབ་སྟོན་པའི་ལོ་ཚད་60ཟིན་ཡོད་པ་དང་། ཆུང་ཤོས་ནི་22ཡིན་པ་དང་། རང་ལོ་58ལ་སོན་པའི་རྟ་མགྲིན་ཡེ་ཤེས་ཀྱིས་ན་གཞོན་མང་པོ་ཞིག་རུ་ཁག་ཏུ་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1