སི་ཁྲོན་ཞིང་ཆེན་གྱིས་རིམ་པ་སོ་སོའི་ལས་བྱེད་པར་ཡོངས་སུ་ཁེབས་པའི་གསོ་སྦྱོང་བྱེད་འགོ་ཚུགས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-24


        གསར་འགོད་པས་ཚེས་22ཉིན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། རང་རེའི་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལས་བྱེད་པའི་རེས་སྐོར་གསོ་སྦྱོང་ལས་ཀ་དངོས་སུ་སྤེལ་ཡོད་པ་རེད། ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར་ན།ཐེངས་འདིའི་གསོ་སྦྱོང་དེ་ཁྱོན་ཡོངས་ནས་ཡོངས་སུ་ཁེབས་པ་དང་། གཅིག་འགྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏོང་བ། དཔེ་སྟོན་སྣེ་ཁྲིད་བྱེད་པ། འཕྲེད་གཞུང་སྣུར་སྲིང་བྱེད་པ་བཅས་ཀྱི་སྤྱིའི་བསམ་བློ་ལྟར་སྤེལ་རྒྱུ་ཡིན་ཞིང་།  2018ལོའི་ཟླ་བ་6པའི་ཟླ་མཇུག་གི་སྔོན་དུ་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་རེ་རེ་ལ་གཅིག་བསྡུས་ཀྱིས་རེས་སྐོར་གསོ་སྦྱོང་བྱ་རྒྱུ་དང་།2018ལོའི་ཟླ་བ་12པའི་ཟླ་མཇུག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཡོངས་སུ་ཁེབས་པའི་རེས་སྐྱོར་གསོ་སྦྱོང་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བ་བྱ་རྒྱུ་རེད།
        ཁོང་དུ་ཆུད་པ་དང་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པ་མ་ཟད། ད་དུང་གཙོ་གནད་འབུར་དུ་ཐོན་པ་དང་།འགག་རྩ་དམ་འཛིན་བྱ་རྒྱུ་ནི་ཐེངས་འདིའི་རེས་སྐོར་གསོ་སྦྱོང་གི་ཁྱད་ཆོས་གཙོ་བོ་ཡིན། གྲོང་ཁྱེར་དང་ཐིང་རིམ་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དང་།གྲོང་ཁྱེར་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པ། རྫོང་དང་གྲོང་ཁྱེར།ཆུས་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅི། རྫོང་དང་གྲོང་ཁྱེར། ཆུས་བཅས་ཀྱི་འགོ་འཛིན་སོགས་གསོ་སྦྱོང་བྱ་ཡུལ་གལ་ཆེན་ལ་དམིགས་ནས། རང་རེའི་ཞིང་ཆེན་གྱིས་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་བཙུགས་ནས། འགག་རྩའི་ཉུང་ཤོས་ཀྱིས་སྔོན་ལ་སློབ་སྦྱོང་དང་། སྔོན་ལ་ཁོང་དུ་ཆུད་པ། སྔོན་ལ་ལག་བསྟར་བྱེད་པ་བཅས་བྱས་ནས། རིམ་པས་རིམ་པར་དཔེ་སྟོན་བྱེད་པ་དང་། རིམ་པས་རིམ་པར་སྣེ་ཁྲིད་བྱེད་པའི་ཁོར་ཡུག་ལེགས་པོར་བསྐྲུན་རྒྱུ་དང་། དུས་མཚུངས་སུ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་འཐབ་ཇུས་བཀོད་སྒྲིག་དང་། སི་ཁྲོན་དར་སྤེལ་གཏོང་བའི་མངའ་ཁོངས་གལ་ཆེན་དང་ཟུང་འབྲེལ་བྱས་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་དང་། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། ནུབ་རྒྱུད་དངུལ་རྩ་ལྟེ་བ་འཛུགས་སྐྲུན་སོགས་ཀྱི་ཆེད་དོན་གསོ་སྦྱོང་བྱས་ནས། རིམ་པ་སོ་སོ་དང་ས་གནས་སོ་སོའི་ལས་བྱེད་པའི་གསོ་སྦྱོང་དེ་ལྟེ་བར་དོ་སྣང་བྱེད་པ་དང་འཕེལ་རྒྱས་ལ་ནུས་ཤུགས་འདོན་པ། ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ཕྱོགས་སུ་སྐུལ་ཁྲིད་བྱ་རྒྱུ་རེད། 
        ཞིང་ཆེན་ཏང་ཨུ་ཡིས། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་། སྲིད་འཛིན་སློབ་གླིང་།ལས་བྱེད་པའི་སློབ་གླིང་བཅས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་མིག་སྔའི་གསོ་སྦྱོང་ལས་ཀའི་ནང་དོན་གཙོ་བོ་བྱས་ནས་སློབ་ཁྲིད་འཆར་གཞིའི་ནང་དུ་འཇོག་དགོས་པ་མ་ཟད། ད་དུང་མི་རིགས་ས་ཁུལ་དང་། གསར་བརྗེའི་རྟེན་གཞི་རྙིང་བའི་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་མཛུབ་སྟོན་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བྱ་ཐབས་གསར་གཏོད་བྱས་ནས། དྲ་འབྲེལ་སློབ་ཁྲིད་དང་། བརྙན་འཕྲིད་ཐུང་ངུའི་སློབ་ཁྲིད་སོགས་ཀྱི་ལག་རྩལ་གསར་བ་དང་། བཀོལ་སྤྱོད་གསར་བ་ལག་བསྟར་བྱས་ཏེ་སློབ་སྦྱོང་གསོ་སྦྱོང་གི་ཐབས་ལམ་བཀོལ་སྤྱོད་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ། འདུས་སྡེ་བཅས་ལ་ཁྱབ་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1