གངས་ལྗོངས་ཉིན་གཞོན་དྲ་བའི་འཕྲིན། ཉེ་ལམ། ཤུགས་ཆེན་པོས་སི་ཁྲོན་སྤུས་ལེགས་ཟོང་རྟགས་ཚགས་དེབ་བསྐྲུན་པ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཕྱོད་ཤུགས་དང་ཁྱབ་བསྒྲགས་ཕྱོད་ཤུགས། ཚོང་རའི་འགྲན་རྩོད་ཕྱོད་ཤུགས་ལྡན་པའི་ཕུལ་བྱུང་ཚགས་དེབ་གཙོ་གནད་ཁག་ཅིག་གསོ་སྐྱོང་དང་འགྲེམ་སྤེལ་བྱ་ཆེད། སི་ཁྲོན་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་བརྙན་འཕྲིན་ཅུས་ཀྱིས་“སི་ཁྲོན་སྤུས་ལེགས་ཟོང་རྟགས་ཚགས་དེབ”འོས་སྦྱོར་དཔྱད་འདེམས་ཞེས་པའི་བྱ་འགུལ་སྤེལ་ཞིང་། ཐེངས་འདིའི་འོས་སྦྱོར་དཔྱད་འདེམས་ལ་《སི་ཁྲོན་ཉིན་རེའི་ཚགས་པར།》སོགས་ཚགས་པར་དྲུག་དང་།《སི་ཁྲོན་ཏང་གི་འཛུགས་སྐྲུན།》དུས་དེབ། 《ཁ་བཏགས་དཀར་པོ།》དུས་དེབ་སོགས་དུས་དེབ་བཅུ་བཞི་ཚུད་པ་རེད།།