རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན་པས། རིག་གནས་དར་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་། རིག་གནས་སྟོབས་དང་ལྡན་ན་མི་རིགས་སྟོབས་ལྡན་དུ་འགྱུར་ངེས། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་བྱེད་པའི་དོན་སྙིང་དང་བརྒྱུད་ལམ་ཞིབ་བརྗོད་གནང་འདུག ཁོང་གིས་གསུངས་དོན། རིག་གནས་ཀྱི་གདེང་ཚོད་ཆེན་པོ་མེད་པ་དང་། རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་མི་སྲིད།
ཏང་གི་ཚོགས་ཆེན་བཅུ་དགུ་པས་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཏང་གི་མཛུབ་སྟོན་བསམ་བློར་གཏན་འཁེལ་བྱས། བསམ་བློ་འདིའི་གྲུབ་ཆ་གལ་ཆེན་དུ་གྱུར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་བསམ་བློ་ཡིན་པའི་ཆ་ནས། བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་ནང་དུ་རིག་གནས་ཡིད་ཆེས་བརྟན་པོར་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་པ་བརྗོད་གཞིར་བཟུང་ནས་དོན་ཚན་དུ་ཞིབ་བརྗོད་གནང་། དེའི་གོ་དོན་དང་བསམ་བློ་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པ་ཡིན་པས། བསམ་པའི་སྟོབས་ཤུགས་དྲག་པོ་དང་བརྩེ་སེམས་ཀྱི་སྟོབས་ཤུགས། ཚན་རིག་གཏན་ཚིགས་ཀྱི་སྟོབས་ཤུགས་ལྡན། ཚོགས་ཆེན་གྱིས་ད་དུང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་མཉམ་དུ་ཏང་གི་སྒྲིག་ཡིག་ཏུ་བཀོད་འདུག འདི་ནི་ཏང་ཡོངས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོས་ཟིན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གོ་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་ཕན་པ་ཡིན།
གཅིག དུས་རབས་གསར་པའི་ཏང་གི་རིག་གནས་འགན་འཁྲིར་ངོས་ཟིན་གཏིང་ཟབ་ལེན་དགོས།
深刻认识新时代党的文化使命
བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ནི་དབུ་བརྙེས་པའི་ཉིན་ནས་བཟུང་ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་དགེ་མཚན་ལྡན་པའི་སྣེ་ཁྲིད་པ་དང་ལག་བསྟར་མཁན་ཡིན་ལ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་དུ་བྱུང་བའི་བློ་དཀར་རྒྱུན་འཛིན་པ་དང་དར་སྤེལ་མཁན་ཡང་ཡིན། དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོའི་མི་དམངས་ཀྱིས་རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་པར་འཁུར་འོས་ལ་འཁུར་ཡང་ཐུབ་ངེས་ཡིན་པ་དང་། ལག་ལེན་གྱི་གསར་གཏོད་ཁྲོད་དུ་རིག་གནས་གསར་གཏོད་བྱེད་པ་དང་། ལོ་རྒྱུས་ཡར་ཐོན་གྱི་ཁྲོད་རིག་གནས་ཡར་རྒྱས་ཡོང་བར་བྱེད་དགོས། འདི་དག་གིས་གཙོ་བོ་ཕྱོགས་གསུམ་ཐད་ཀྱི་བསམ་བློ་གལ་ཆེན་མཚོན་འདུག་པ་སྟེ།
གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་པར་འཁུར་བ་མ་ཟད། རིག་གནས་ཀྱི་འགན་འཁྲི་ཡང་ཕྲག་ཏུ་འཁུར་ཞིང་། སྔོན་ཐོན་རིག་གནས་ཁྲིད་སྟོན་དང་ལག་ལེན་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་བར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འགན་འཁྲི་ཡང་ཕྲག་ཏུ་འཁུར་ཡོད།
一是中国共产党自成立之日起,既肩负着政治使命,也肩负着文化使命;既肩负着引领、践行先进文化的使命,也肩负着传承、弘扬中华民族优秀传统文化的使命。
རི་བོ་ཆེན་པོ་གསུམ་རྩ་སློག་བྱས་ཏེ་ཀྲུང་གོ་མི་དམངས་ཡར་ལངས་ནས་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་གི་ཆབ་སྲིད་ཀྱི་ལས་འགན་ལེགས་འགྲུབ་བྱུང་སྟེ། དབུལ་པོར་གུད་སྐྱོབ་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཚོགས་རིང་ལུགས་སུ་སླེབས་པ་རེད། རྨང་གཞི་འདིའི་ཐོག་ང་ཚོས་ལོ་ངོ་70ཙམ་རིང་གི་དཀའ་སྤྱད་འབད་བརྩོན་བྱས་པར་བརྒྱུད་དེ་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་རྨང་གཞི་བརྟན་པོར་བཏིང་བ་རེད། ཏང་གི་རིག་གནས་ཀྱི་ལས་འགན་དེ་མར་ཁེ་སིའི་རིང་ལུགས་ཀྱི་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་དུ་མཚོན་ཡོད་པས། ཏང་ངེས་པར་དུ་ལོ་རྒྱུས་ཀྱི་རླབས་རྒྱུན་དུ་ལངས་ནས་ཀྲུང་གོའི་སྔོན་ཐོན་རིག་གནས་སྣེ་ཁྲིད་དང་ལག་ལེན་བྱ་དགོས་པ་རེད། དཔེར་ན། གསར་བརྗེའི་དུས་སྐབས་དང་འཛུགས་སྐྲུན་དུས་སྐབས་གཉིས་ཀྱིས་མར་ཁེ་སི་རིང་ལུགས་རྒྱ་ཆེར་དྲིལ་བསྒྲགས་དང་། ནུབ་ཕྱོགས་ཀྱི་བཟོ་ལས་ཅན་གྱི་འཕེལ་རིམ་དང་བསྟུན་པ་ལས་བྱུང་བའི་དེང་རབས་ཤེས་དཔལ་བསྡུ་ལེན་དང་། དཔེ་ལྟ་ས། བེད་སྤྱོད་སོགས་བྱས་ཡོད། ཡིན་ནའང་། འགྲེལ་བཤད་ནོར་འཁྲུལ་འགའ་བྱུང་བའི་དབང་གིས་སྲོལ་རྒྱུན་རིག་གནས་ལ་སྔོན་ཆད་མི་མི་ཉུང་བ་ཞིག་གིས་ཟུར་འབུད་དང་། འདོར་བ་དང་ལེན་མི་བྱེད་པ་སོགས་ཀྱི་རྣམ་འགྱུར་བཟུང་སྟེ། སྙིགས་མ་དོར་ནས་སྙིང་བཅུད་ལེན་པ་དངོས་གནས་དོན་ཐོག་ཏུ་འཁྱོལ་མེད་ཅིང་། རིག་གནས་དེ་དག་ཚང་མ་སྒེར་ལ་དབང་བའི་དཔལ་འབྱོར་རྣམ་པའི་ཐོག་ནས་བྱུང་བའི་རིག་གནས་ཡིན་ཞིང་། བཤུ་གཞོག་གྲལ་རིམ་གྱི་རྗེས་ལུས་ཀྱི་འདུ་ཤེས་འཛིན་སྟངས་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་མཁོ་བའི་འབྱོར་མེད་གྲལ་རིམ་གྱི་རིག་གནས་འདུ་ཤེས་འཛིན་སྟངས་དང་རྩ་བ་ནས་རྒྱབ་འགལ་ཡིན་པར་འདོད། དོན་དངོས་ཐོག་དེ་ལྟར་ག་ལ་ཡིན། རིག་གནས་ཆེན་པོ་ཅེས་པའི་ཐ་སྙད་ལྟར་ན། རིག་གནས་དེ་རིམ་པ་མང་བ་དང་། ཁྱབ་ཁོངས་སུ་མང་བ། མ་ལག་མང་བ། ཁྱབ་ཁོངས་མང་བ་དང་འབྲེལ་བ་ཡོད་ཅིང་། དེའི་ངོ་བོ་དང་ཆོས་ཉིད། ཁྱད་ཆོས་ལས་ང་ཚོར་བསྟན་དོན། རིག་གནས་ནི་མི་རིགས་ཤིག་གི་ཁྲག་རྒྱུན་ཡིན་པས། གང་འདོད་དུ་འདི་མིན་དེ་ཡིན་དང་དགེ་སྡུག་ལེགས་ཉེས་མཐོ་དམན་ངོ་བོ་ཐག་གིས་བཅད་ནས་སྐྱེ་འཆི་འཇིག་གནས་གཏན་ཁེལ་བྱེད་པ་ནི་བློ་ཆུང་ལས་མ་འདས། རིག་གནས་ཁྲོད་ཀྱི་ཁ་ཤས་ལ་གྲལ་རིམ་གྱི་རང་བཞིན་ལྡན་པ་དང་འགའ་ཞིག་ལ་གྲལ་རིམ་གྱི་ངོ་བོ་མི་ལྡན། དཔེར་ན་སྐད་རིགས་དང་དངོས་པོའི་རྣམ་པ་ཅན་གྱི་རིག་གནས་དེ་མི་རིགས་ཧྲིལ་པོས་ཐུན་མོང་དུ་སྤྱོད་པ་ལྟ་བུའོ། །
ལེ་ཉེང་གིས་མིའི་རིགས་ཀྱིས་གསར་སྐྲུན་བྱས་པའི་ཤེས་དཔལ་གྱི་གྲུབ་འབྲས་མཐའ་དག་གཞི་ནས་བསྡུ་ལེན་བྱས་ན་གུང་ཁྲན་རིང་ལུགས་པ་ཞིག་ཏུ་འགྱུར་སྲིད་ཅེས་གསུངས་པས་ཀྱང་གནས་ལུགས་འདི་མཚོན་པ་རེད། དེར་བརྟེན་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་པ་དང་དར་སྤེལ་བྱེད་མཁན་རྣམ་དག་ཏུ་གྱུར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ལས་འགན་ནི་དེ་བས་ཀྱང་གལ་ཆེན་ཡིན། དེ་ཡིན་པའི་རྒྱུ་མཚན་ནི་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཡིན་ཕྱིར། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་དང་དེའི་རིག་གནས་ལ་ཁ་བྲལ་བ་ཡིན་ན། ཏང་ལ་ཅི་ཡང་ཡོད་མི་སྲིད། འདི་ཡང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོས་ཐག་གིས་བཅད་པ་ཡིན། དེ་དང་དུས་མཚུངས་སུ་ཏང་གིས་རིག་གནས་ཀྱི་འགན་འཁྲི་གཉིས་ཞེས་པའི་བརྗོད་སྟངས་བཏོན་ཏེ། རིག་གནས་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ནང་གི་གལ་ཆེན་དོན་སྙིང་དང་ཀྲུང་གོ་གུང་ཁྲན་ཏང་གི་ཁག་འཁུར་འགན་འཁྲི་སྔར་བས་ཁ་གསལ་དུ་བཏང་བ་ཡིན།
གཉིས་ནི་ཏང་གི་རིག་གནས་ཀྱི་ལས་འགན་ནི་རིག་གནས་དང་རྒྱལ་ཁབ། མི་རིགས་བཅས་བར་གྱི་འབྲེལ་བ་ཟབ་མོས་ཐག་གཅོད་བྱེད་བཞིན་ཡོད།
二是党的文化使命是由文化与国家、民族的深刻关系所决定的。
ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་དུ། བློ་མཐུན་ཞི་ཅིན་ཕིང་གིས་ཡང་བསྐྱར་ནན་ནན་ཏན་ཏན་གྱིས་ཏང་ཡོངས་ལ་གསུང་རྒྱུར། རིག་གནས་ནི་རྒྱལ་ཁབ་དང་། མི་རིགས་གཅིག་གི་བླ་སྲོག་ཡིན་པས། རིག་གནས་དར་བས་རྒྱལ་ཁབ་དར་ཞིང་འཕེལ། རིག་གནས་སྟོབས་དང་ལྡན་ན་རྒྱལ་ཁབ་ཡང་སྟོབས་དང་ལྡན། རིག་གནས་དེ་རྒྱལ་ཁབ་དང་མི་རིགས་ཅིག་གི་སྲོག་གི་ཚུལ་དུ་བཀོད་ནས། དེའི་གཙོ་གལ་རང་བཞིན་བརྗོད་ལ། དེས་རྒྱལ་ཁབ་ཞིག་དང་མི་རིགས་ཞིག་གི་བླ་སྲོག་དང་ཁ་ལོ་བསྒྱུར་མཁན་གྱི་གོ་གནས་བཟུང་ཡོད། རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་ལྡན་པའི་ཐུན་མོང་མ་ཡིན་པའི་མཚོན་རྟགས་ཤིག་ཡིན་ལ། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་སྒེར་ཚུགས་རང་བཞིན་གྱི་སྙིང་སྟོབས་ལྡན་པའི་རྨང་གཞི་ཡང་ཡིན། རང་སྟེང་གི་རིག་གནས་གནས་པ་དང་། རིག་གནས་འཕེལ་རྒྱས། རིག་གནས་བདེ་འཇགས། ཕྱི་ཡོང་རིག་གནས་ཀྱི་ཛ་དྲག་རྒྱུན་མཐུད་གྱི་ནང་འཛུལ་སོགས་ལ་ཁ་གཏད་ན། རྒྱལ་ཁབ་དང་མི་རིགས་སྒེར་ཚུགས་རང་བཞིན་སྙིང་སྟོབས་ཀྱི་ཉེན་ཁ་ནི་དུས་གཏན་དུ་གནས་པ་ཞིག་ཡིན། སྒེར་ཚུགས་རང་བཞིན་གྱི་སྙིང་སྟོབས་ཤོར་བའི་མི་རིགས་ཤིག་ཡིན་ན། དེའི་རིག་གནས་ལ་གས་ཆགས་བྱུང་ཏེ་མཚམས་ཆད་ལ། རྒྱལ་ཁབ་ཉམས་རྒུད་ཀྱི་ཕྱོགས་སུ་འགྲོ་ཐག་གཅོད་ཡིན། དེའི་དོན་སྙིང་གི་ཐད་ནས་བཤད་ན། ཀྲུང་ཧྭ་རིག་གནས་དར་སྤེལ་བཏང་ན། ཀྲུང་ཧྭ་ཤེས་རིག་སྐྱོབ་པར་དོན་སྙིང་གལ་ཆེན་ལྡན་ཡོད།
གསུམ་ནི་རིག་གནས་ལ་ཡིད་ཆེས་བརྟན་པོ་ཞིག་འཛིན་པ། ང་ཚོས་ཇི་ལྟར་ལག་ལེན་གྱི་ཁྲོད་ནས་རིག་གནས་གསར་སྐྲུན་དང་། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནས་རིག་གནས་ཀྱི་འཕེལ་རིམ་མངོན་འགྱུར་བྱེད་རུང་། མིག་སྔར་གྱི་གནད་འགག་ནི་སྔར་ལྟར་རིག་གནས་ལ་བཟུང་བའི་ཡིད་ཆེས་བརྟན་པོར་བྱེད་རྒྱུ་དེ་ཡིན།
三是坚定文化自信。无论我们如何在实践中进行文化创造,在历史进步中实现文化进步,目前的关键仍然是坚定文化自信。
བློ་མཐུན་ཞི་ཅིན་ཕིང་གིས་གསུང་རྒྱུར། རིག་གནས་ལ་ཡིད་ཆེས་མཐོན་པོ་ཞིག་མེད་པ་དང་། རིག་གནས་ཀྱི་དར་རྒྱས་གོང་འཕེལ་མེད་ན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་མི་སྲིད། དོན་དངོས་ལས་ར་སྤྲོད་བྱས་པར། མི་རིགས་ཤིག་རང་ཉིད་ཀྱི་རིག་གནས་ལ་ཡིད་ཆེས་ཡོད་ན་བརྟན་སྲུང་བྱེད་ལ། ཡིད་ཆེས་མེད་ན་དོར་སྲིད། དེ་བས་རིག་གནས་ལ་ཡིད་ཆེས་བརྟན་པོ་ཤིག་མེད་ན། སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་མི་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཏེ་ཀྲུང་གོའི་ཕུགས་འདུན་ནི་ལྷག་པར་དུ་མངོན་འགྱུར་བྱེད་མི་ཐུབ། འདི་ནི་གཏིང་ཟབ་པའི་གཏན་ཚིགས་རང་བཞིན་གྱི་འབྲེལ་བ་ཞིག་ཡིན། རིག་གནས་ལ་ལྡན་པའི་ཡིད་ཆེས་ནི་སྔར་ལས་རྨང་གཞི་དང་རྒྱ་ཆེ་བ། ཧ་ཅང་ཟབ་མོའི་ཡིད་ཆེས་ཤིག་ཡིན་ལ། ལྷག་པར་དུ་གཞི་རྩ་དང་གཏིང་ཟབ་ཅིང་ཡུན་རིང་བའི་སྟོབས་ཤུགས་ཤིག་ཡིན། རིག་གནས་ཀྱི་ཡིད་ཆེས་ཞེས་པ་ནི་རང་ཉིད་ཀྱི་རིག་གནས་ལ་རང་ཉིད་ཡིད་ཆེས་པ་དང་། རང་ཉིད་ཀྱི་རིག་གནས་ལ་ཡིད་ཆེས་ཀྱི་སེམས་ལྡན་པ། ཆོད་སེམས་ལྡན་པ། འགན་འཁུར་ཕོད་པ་ཞིག་ལ་ཟེར། ཡིད་ཆེས་ཡོད་ན་སྟོབས་ཤུགས་ལྡན་པ་ཡིན།
རིག་གནས་ལ་ལྡན་པའི་ཡིད་ཆེས་ནི་མི་རིགས་ཤིག་གི་ཞན་པའི་སྟོབས་ཤུགས་དང་རམ་འདེགས་བྱེད་ཤུགས་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་གསུང་རྒྱུར། རིག་གནས་ལ་བཟུང་བའི་ཡིད་ཆེས་ཀྱིས་ཆབ་སྲིད་ཀྱི་ངེས་ཤུགས་ལ་རམ་འདེགས་བྱེད་དགོས། གཏིང་ཟབ་མོའི་སྒོ་ནས་རིག་གནས་འཛུགས་སྐྲུན་གྱི་རྩ་བའི་དམིགས་འབེན་ལ་ངོས་འཛིན་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་འགྲོ་ལམ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན་ལ། མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས་ནས་སྤྱི་ཚོགས་རིང་ལུགས་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན། དུས་རབས་གསར་པའི་ཁྲོད་དུ་ཏང་གི་རིག་གནས་ལས་འགན་ནི་རིག་གནས་ལ་ལྡན་པའི་ཡིད་ཆེས་བརྟན་པོར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏང་རྒྱུ་དེ་ཡིན།
གཉིས། གཏིང་ཟབ་མོའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་ནང་དོན་ལ་
ངོས་འཛིན་བྱེད་པ།
深刻认识中国特色社会主义文化的内涵
གཞུང་ལུགས་ཀྱི་ནང་དོན་ཁོང་དུ་ཆུད་པ་བྱེད་རྒྱུ་ནི་གཞུང་ལུགས་བེད་སྤྱོད་བྱེད་པའི་སྔོན་འགྲོ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་གསུང་རྒྱུར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་རིག་གི་ལོ་རྒྱུས་ལས་འཕེལ་བའི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལས་བྱུང་བ་དང་། ཏང་གིས་མི་དམངས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་ཁྲོད་དུ་གསར་གཏོད་བྱས་པའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཁྲོད་དུ་སིམ་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རླབས་ཆེན་གྱི་ལག་ལེན་ཁྲོད་དུ་རྩ་བ་ཚུགས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཚན་རིག་ལྡན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་གྲུབ་ཆ་གསུམ་ཕྱོགས་སྡོམ་བྱས་ཡོད་དེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཡིན།
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་རྨང་གཞི་དང་རྩ་བ་ཡིན། གཏིང་ཟབ་མོའི་སྒོ་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་གྱི་ཁོངས་སུ་འདུས་པའི་བསམ་བློའི་འདུ་ཤེས་དང་། མི་ཆོས་བསམ་བློ། སྤྱོད་པ་ཚུལ་ལྡན་བཅས་ལ་རྒྱུས་ལོན་བྱེད་པ་དང་། དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་གསར་གཏོད་རྒྱུད་འཛིན་དང་། ཀྲུང་ཧྭའི་རིག་གནས་ལ་ཡུན་བརྟན་གྱི་མཛེས་ཉམས་དང་དུས་རབས་ཀྱི་སྤྱོད་བཟང་ལྡན་པ་མངོན་འགྱུར་བྱེད་དགོས། བསམ་བློ་འདི་དག་ལ་གཏིང་ཟབ་མོའི་སྤྱི་ཚོགས་རིག་གནས་ཀྱི་རྒྱབ་ལྗོངས་དང་དྲག་པོའི་ཁ་གཏད་རང་བཞིན་ལྡན་ཡོད། 2014ལོར་འཚོགས་པའི་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་བསྟན་རྒྱུར། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་ལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཡང་མྱུར་བའི་སྒོ་ནས་གོང་མཐོར་སོང་ཡོད། དེ་དང་མཉམ་དུ་རང་རྒྱལ་གྱི་སྤྱི་ཚོགས་ནི་བསམ་བློའི་མཆོངས་སྐྱོད་ཆེན་པོ་དང་འདུ་ཤེས་ཀྱི་གདོང་གཏུག་དྲག་པོ། རིག་གནས་མཉམ་འདྲེས་ཆེན་པོའི་དུས་རབས་སུ་གནས་འདུག་པས་གནད་དོན་མི་ཉུང་བ་ཞིག་དང་འཕྲད་ཡོད། དེའི་ཁྲོད་དུ་ཅུང་འབུར་དུ་ཐོན་པའི་གནད་དོན་ནི་མི་ཁ་ཤས་ཀྱི་རིན་ཐང་ལྟ་བ་ཤོར་བ་དང་འདུ་ཤེས་ལ་ཆགས་སྡང་མེད་པ། སྤྱོད་ལམ་ལ་ཚད་མེད་པ། ཏང་སྒྲིག་བཅའ་ཁྲིམས་དང་འགལ་བའི་དོན་གང་རུང་ཚང་མ་བསྒྲུབས་ལ། སྤྱོད་པ་དང་འགལ་བའི་ཇུས་ངན་གང་རུང་ཚང་མ་སྒྲུབ་སྲིད། རྒྱལ་ཁབ་ཀྱི་འདུ་ཤེས་དང་ཐུན་མོང་གི་འདུ་ཤེས། ཁྱིམ་ཚང་གི་འདུ་ཤེས་སོགས་མེད་ལ། སྐད་ཆ་འགྲིག་ནོར་མེད་པ། བདེན་རྫུན་མི་འདྲི་བ། བྱ་བའི་ངན་བཙོག་མི་ཤེས་པ་དང་བཟང་ངན་མི་རྩོད་པ། ཉི་མ་གང་འཁྱོལ་དང་བག་མེད་ལོངས་སྤྱོད་སོགས་བྱེད་པ། དེང་གི་སྤྱི་ཚོགས་ཐོག་བྱུང་བཞིན་པའི་གནད་དོན་མང་པོ་ཞིག་གི་རྩ་བ་ནི་འདི་དག་ཡིན། འདིའི་ཕྱོགས་ཀྱི་གནད་དོན་ལ་གལ་ཏེ་ཕན་ཡོད་ཀྱི་ཐག་གཅོད་མ་ཐོབ་ན་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་རྒྱུར་དཀའ་ཁག་ཅུང་འདུག དེ་ཐག་གཅོད་བྱེད་པའི་ཐབས་ནི་ཅི་ཞིག་ཡིན་ནམ། ཐོག་མར་སྔར་བཞིན་མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་ལ་བརྟེན་དགོས།
ཀྲུང་ཧྭ་རིག་གནས་ནི་ཅི་ཞིག་ཡིན་ནམ། 2014ལོར་འཚོགས་པའི་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་སྟེང་། བློ་མཐུན་ཞི་ཅིན་ཕིང་གིས་གསར་དུ་གནད་བསྡུས་བྱས་དོན། ཀྲུང་ཧྭ་རིག་གནས་ནི་མི་རིགས་ཁག་གི་རིག་གནས་ཀྱིས་མཉམ་དུ་གྲུབ་པ་དང་། དེ་ཡང་གསལ་པོར་བཤད་ན། ཀྲུང་ཧྭ་རིག་གནས་ལ་ཀྲུང་གོའི་མི་རིགས་ང་དྲུག་གི་རིག་གནས་འདུས་ཡོད། ཀྲུང་ཧྭ་རིག་གནས་དར་རྒྱས་གོང་འཕེལ་བྱུང་བ་གཞིར་བྱས་པ་ནི་ཀྲུང་གོའི་མི་རིགས་ཁག་གི་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཆ་རྐྱེན་བྱས་པའོ། སྤྱི་ལེ་གྲུ་བཞི་མ་ཁྲི་960ཡི་ས་གཞི་ཡངས་པོའི་སྟེང་དུ་བཞེངས་ཏེ། ཀྲུང་ཧྭ་མི་རིགས་ཀྱིས་ཡུན་རིང་འབད་འཐབ་བྱས་ནས་གྲུབ་པའི་རིག་གནས་ཀྱི་སྙིང་བཅུད་སྡུད་བཞིན། ཀྲུང་གོའི་མི་དམངས་དུང་ཕྱུར་13 གྱི་སྟོབས་ཤུགས་གཅིག་དྲིལ་ལྡན་ལ། ང་ཚོ་རང་གི་ལམ་དུ་སྐྱོད། ཆེས་ཁོད་ཡངས་པའི་གར་སྟེགས་དང་། ཆེས་གཏིང་ཟབ་པའི་ལོ་རྒྱུས་རིག་གནས། ཆེས་འགྲན་ཟླ་བྲལ་བའི་མདུན་སྐྱོད་ཀྱི་ངེས་ཤུགས་ལྡན་ནོ། །
གསར་བརྗེའི་རིག་གནས་ནི་ཏང་གི་དུས་ཡུན་རིང་པོའི་གསར་བརྗེ་འཐབ་རྩོད་ཁྲོད་ཀྱི་རིག་གནས་རྒྱུ་ནོར་རྩ་ཆེན་ཞིག་རེད། ཅིན་ཀང་རི་བོའི་སྙིང་སྟོབས་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས། ཞེའུ་པའེ་ཕོའོ་སྙིང་སྟོབས། གསོན་པའི་གསར་བརྗེའི་རིག་གནས་སོགས་ཚང་མ་དེའི་ཁོངས་སུ་གཏོགས་ཡོད། བསམ་པའི་སྟོབས་ཤུགས་མེད་པའི་མི་རིགས་ཤིག་ལ་རང་ཚུགས་རང་སྟོབས་ཡོད་དཀའ་ཞིང་། རིག་གནས་ལ་མ་བརྟེན་པའི་བྱ་གཞག་ཅིག་ཡུན་རིང་རྒྱུན་མཐུད་བྱེད་དཀའ། ཀྲུང་གོའི་གསར་བརྗེའི་འཐབ་རྩོད་ནི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འཐབ་རྩོད་ཡིན། དེར་བརྟེན། ཀྲུང་གོའི་གསར་བརྗེའི་རིག་གནས་ནི་ཀྲུང་གོའི་མི་རིགས་ཁག་གི་གསར་བརྗེ་བའི་ཐུན་མོང་གིས་གཏོད་པའི་རིག་གནས་དང་། སྣ་མང་ཕུན་སུམ་ཚོགས་པ་ཞིག་རེད། ཏང་གི་ཚོགས་ཆེན་དང་པོའི་འཐུས་མི་ཏེང་ཨེན་མིང་ནས་བྱང་ཤར་འཇའ་འགོག་མཉམ་འབྲེལ་དམག་དང་། རི་བོ་ཏ་ཆིན་ཧྲན་ངེས་མེད་རྒོལ་རྡུང་རུ་ཁག ཧུའེ་རིགས་ཡན་ལག་རུ་ཁག ཆུང་ཡ་ཙུང་ཏུའེ་རུ་ཁག་སོགས་འཇའ་འགོག་དམག་དཔུང་ཁྲོད་གྲངས་ཉུང་མི་རིགས་ཀྱི་སྤྱོད་བཟང་འདུན་ཆེའི་མི་སྣས་རང་སྲོག་བློས་བཏང་ཡོད་ལ། ཏང་འཛུགས་རྒྱལ་འཛུགས་དང་། གསར་བརྗེ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ། སྟོབས་ལྡན་གྱི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཚང་མ་ཏང་གི་འགོ་ཁྲིད་འོག་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་ཀྱིས་སྐུལ་སྤེལ་བྱས་པ་རེད།
ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་། བློ་མཐུན་ཞི་ཅིན་ཕིང་གིས་གསུངས་དོན། ང་ཚོའི་ཏང་ནང་གི་ཆབ་སྲིད་རིག་གནས་ནི་མར་ཁེ་སི་རིང་ལུགས་ཀྱིས་སློབ་སྟོན་དང་། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱིས་རྨང་གཞི་བྱས་པ་དང་། གསར་བརྗེའི་རིག་གནས་ཀྱིས་འབྱུང་རྩ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གཙོ་བོར་འཛིན་པ་བཅས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་གཤིས་རིག་གནས་གང་ལེགས་སྒོས་མཚོན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་ནང་གི་རིག་གནས་ཀྱི་ནང་དོན་ཁྱབ་ཁོངས་དབྱེ་འབྱེད་བྱས་པས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་རིག་གནས་ཀྱི་སྔོན་ཐོན་རང་བཞིན་དང་། དུས་རབས་རང་བཞིན། མི་རིགས་རང་བཞིན་མངོན་པ་དང་། ཡང་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དང་ཚད་མཐོའི་གཅིག་གྱུར་ཡིན་ལ། དམིགས་འབེན་ནི་རླབས་ཆེན་གྱི་ཏང་ཞིག་འཛུགས་སྐྲུན་བྱེད་ཆེད་དང་། ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏང་བ་དང་། ཀྲུང་གོ་མི་དམངས་ལ་འགོ་ཁྲིད་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཉམས་ལྡན་པའི་བྱ་གཞག་ལ་མུ་མཐུད་དུ་སྐུལ་འདེད་གཏང་བ། དུས་མཚུངས་སུ། ཏང་གཤིས་དང་མི་དམངས་རང་བཞིན་མཐུན་པ་མངོན་ཡོད་པ་རེད།
སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ནི་ཀྲུང་གོའི་ལོ་ངོ་70རིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་དངོས་ཀྱིས་རིན་ཐང་བྲལ་བའི་གྲུབ་འབྲས་རེད། མའོ་ཙེ་ཏུང་གི་རིག་གནས་ཀྱི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱིི་དགོངས་དོན་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སོགས་ཚང་མ་དེའི་ཁོངས་སུ་གཏོགས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྭ་རིག་གནས་དར་རྒྱས་ཕུན་སུམ་ཚོགས་པོ་མེད་ཚེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་མི་སྲིད་ལ། མི་རིགས་ཤིག་བསྐྱར་དར་ཡོང་བར་དངོས་པོའི་སྟོབས་ཤུགས་ཆེན་པོ་དགོས་ལ། བསམ་པའི་སྟོབས་ཤུགས་ཡང་ཆེན་པོ་དགོས། སྔོན་ཐོན་རིག་གནས་ཀྱི་དགེ་མཚན་ལྡན་པའི་སྣེ་ཁྲིད་དང་། མི་དམངས་ཀྱི་ཆེས་ཕུན་སུམ་ཚོགས་པའི་བསམ་པའི་འཇིག་རྟེན། མི་རིགས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་མཐུད་ཆེར་བསྐྱེད་མེད་ཚེ། རྒྱལ་ཁབ་ཅིག་དང་། མི་རིགས་ཤིག་འཛམ་གླིང་གི་མི་རིགས་ཁྲོད་ཀྲོང་ངེར་ལངས་མི་སྲིད་ལ། ཏང་གི་སྔོན་ཐོན་རང་བཞིན་དེ་བསམ་བློའི་གཞུང་ལུགས་ཀྱི་སྔོན་ཐོན་རང་བཞིན་ཐོག་མངོན་ཡོད་པར་མ་ཟད། ད་དུང་ལམ་ལུགས་དང་རིག་གནས་ཀྱི་སྔོན་ཐོན་རང་བཞིན་ཐོག་ཟོལ་མེད་ཀྱིས་ཚུར་སྣང་བྱས་ཡོད་ལ། སྔོན་ཐོན་རིག་གནས་ཀྱིས་ད་གཟོད་མི་དམངས་ལ་སྣེ་ཁྲིད་དེ་རིག་གནས་ཀྱི་རྣམ་པ་གསར་པ་ཞིག་ཏུ་བསླེབ་སྲིད་དོ། །
གསུམ། དུས་རབས་གསར་པའི་བསམ་བློ་གསར་པ་དང་ཐབས་ཤེས་གསར་པ་ཡིས་གནད་དོན་གསར་པ་ཐག་གཅོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་
ལུགས་ཀྱི་རིག་གནས་བྱ་གཞག་གི་རྣམ་པ་
གསར་པ་གཏོད་པ།
用新时代的新思想、新方法解决新问题,开创中国特色社会主义文化事业新局面
ཀྲུང་གོ་དུས་རབས་གསར་པ་ཞིག་ཏུ་སླེབས་ཟིན། དུས་རབས་གསར་པ་འདིའི་གཞི་རྩའི་མཚོན་རྟགས་ནི་རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་མི་དམངས་ཀྱི་ཉིན་བཞིན་འཕེལ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མཉམ་དང་ཆ་ཚང་མིན་པའི་འཕེལ་རྒྱས་བར་གྱི་འགལ་བར་གྱུར་ཟིན་པ་རེད། རང་རྒྱལ་གྱིས་གཏན་འཇགས་སྒོས་མི་གྲངས་དུང་ཕྱུར་བཅུ་ལྷག་གི་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ཐག་བཅད་ཟིན་པ་རེད། སྤྱིའི་ཆ་ནས་འབྱོར་འབྲིང་མངོན་དུ་གྱུར་པ་དང་། མི་འགྱངས་པར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་རེད་ལ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་རྒྱ་ཁྱབ་ཏུ་གྱུར་པ་དང་། དངོས་པོའི་རིག་གནས་འཚོ་བར་སྔར་བས་མཐོ་བའི་རེ་འདུན་བཏོན་ཡོད་པར་མ་ཟད། ད་དུང་དམངས་གཙོ་དང་ཁྲིམས་སྐྱོང་འདྲ་མཉམ། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་དགོས་མཁོ་ཉིན་བཞིན་འཕར་སྣོན་བྱུང་བཞིན་ཡོད། དུས་མཚུངས་སུ། རང་རྒྱལ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཆུ་ཚད་སྤྱིའི་ཆ་ནས་མངོན་གསལ་སྒོས་ཇེ་མཐོར་སོང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཕྱོགས་མང་པོའི་ཐད་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། ལྷག་པར་ཏུ་འབུར་ཐོན་གྱི་གནད་དོན་ནི་འཕེལ་རྒྱས་དོ་མཉམ་དང་ཆ་ཚང་མིན་པ་དེའོ། །དེ་ནི་མི་དམངས་ཀྱི་ཉིན་བཞིན་འཕེལ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོར་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། འགལ་བ་གཙོ་བོའི་འགྱུར་ལྡོག་ནི་ཁྱོན་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་ཅན་ཡིན་ལ། ཀྲུང་གོའི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་ཤུགས་རྐྱེན་ཐེབས་སྲིད་ལ། རིག་གནས་ཡང་དེ་ནང་བཞིན་ནོ། །
དངོས་པོའི་རིག་གནས་ཀྱི་དགོས་མཁོ་ནས་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་། རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནས་འདྲ་མཉམ་མིན་པ་དང་འཐུས་ཚང་མིན་པའི་འཕེལ་རྒྱས་ཀྱི་བར་ནས། དུས་རིམ་ལ་འགྱུར་ལྡོག་བྱུང་བ་དང་གོ་རིམ་ལའང་འགྱུར་ལྡོག་བྱུང་བས། ང་ཚོའི་ལས་ཀའི་དགོས་མཁོ་དང་། དམིགས་འབེན། ལས་འགན། བྱེད་ཐབས་བཅས་ལའང་འགྱུར་བ་གཏང་དགོས། འོན་ཀྱང་རང་རྒྱལ་དུས་ཡུན་རིང་པོའི་ནང་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་། འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཤོས་དེ་ཡིན་པའི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་ལྡོག་བྱུང་མེད། འགྱུར་ལྡོག་བྱུང་བ་དང་འབྱུང་མེད་པ་གཉིས་ལ་ངོས་ཟིན་ཟབ་མོ་ཡོད་དགོས། རྒྱུ་མཚན་ནི་འགྱུར་ལྡོག་མེད་པ་བལྟོས་བཅས་ཙམ་དང་། འགྱུར་ལྡོག་ཡོད་རྒྱུ་ནི་བལྟོས་མེད་རེད། བྱ་དངོས་ཡོད་ཚད་ཀྱི་འགྱུར་ལྡོག་ནི་དུས་རིམ་རང་བཞིན་ཅན་ཞིག་ཡིན་པས། དུས་རིམ་རྙིང་པ་མཇུག་རྫོགས་པ་ན་དུས་རིམ་གསར་པའི་འགོ་བརྩམས་ནས་དུས་རིམ་གསར་པ་ཞིག་གི་ནང་ལ་སླེབས་པས། ང་ཚོར་བསམ་བློའི་ཐད་ནས་ཐོད་བརྒལ་འབྱུང་དགོས་ལ། དུས་རིམ་རྙིང་པའི་བཀག་རྒྱ་ལས་ཐར་དགོས། དེ་མིན་ན་རྣམ་པ་གསར་པ་ཞིག་དང་གནས་བབ་གསར་པ་ཞིག་གི་ཚད་ལ་བསླེབ་མི་ཐུབ། །
གཅིག་ནི་ཚན་རིག་དང་མཐུན་པའི་བསམ་བློའི་མཛུབ་སྟོན་རྒྱུན་འཁྱོངས་བྱ་དགོས།
一是坚持科学思想的指导。
བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏང་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱིས་མཛུབ་སྟོན་བྱེད་དགོས་པ་དང་། ཀྲུང་ཧྭ་རིག་གནས་ཀྱི་ལངས་ཕྱོགས་དམ་པོར་སྲུང་བ་དང་། ཀྲུང་གོའི་དེང་རབས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། དུས་རབས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་གང་ལེགས་བྱས་ནས། དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ་བཅས་ཀྱི་མི་རིགས་དང་དམངས་ཡོངས་ལ་དབང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། འགྱུར་ལྡོག་གསར་པ་དང་བྱ་གཞག་གསར་པ་ལ་མཛུབ་སྟོན་བསམ་བློ་གསར་པས་སྣེ་ཁྲིད་བྱེད་དགོས་པ་བཞིན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལས་ཀར་སྐུལ་འདེད་གཏང་དགོས་པ་རེད། སྤྱི་ཚོགས་ཀྱི་ལས་དོན་དང་རིག་གནས་ཀྱི་ལས་དོན་དེ་ལྟ་བུ་ཡིན་ལ། མི་རིགས་ཀྱི་ལས་དོན་ཡང་ལྷག་ཏུ་དེ་འདྲ་ཞིག་གོ །
གཉིས་ནི་མི་དམངས་གཙོ་བོ་ཡིན་པའི་གནས་བབ་རྒྱུན་འཁྱོངས་བྱ་དགོས།
二是坚持人民的主体地位。
བློ་མཐུན་ཞི་ཅིན་ཕིང་གིས་མི་དམངས་ཀྱི་རེ་བ་དང་རེ་འདུན་ནི་དམངས་སེམས་ཡིན་པས། མི་དམངས་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་ལ་ཡིད་ཆེས་དང་ཡིད་རྟོན། བློ་གཏད་བཅས་བྱེད་པ་ཤུགས་ཆེར་འགྲོ་བ་ནི་ཆབ་སྲིད་ཀྱི་གྲུབ་འབྲས་ཆེ་ཤོས་དེ་རེད་ཅེས་གསུངས། འཇིག་རྟེན་ཐོག་ན་མི་དམངས་དང་ཁ་བྲལ་བའི་ཆབ་སྲིད་ཅིག་མེད་པ་བཞིན། རིག་གནས་དང་ཁ་བྲལ་བའི་སྲིད་ཏང་ཞིག་ཀྱང་མེད་པ་རེད། སྲིད་ཏང་དང་རྒྱལ་ཁབ། སྲིད་ཏང་དང་མི་རིགས་བར་གྱི་འབྲེལ་བ་ནི་ཉ་དང་ཆུ་ལྟ་བུའི་འབྲེལ་བ་ཞིག་ཡིན་པས། འདི་ཡིས་རིག་གནས་ཀྱི་འབྲེལ་བའི་ཐད་ནས་གཏན་ཚིགས་རིག་པའི་དབུ་འཁྱུད་བཀོད་ཡོད། མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་ཡིན་ལ། ལོ་རྒྱུས་ཀྱི་བདག་པོའང་ཡིན་པར་མ་ཟད། ལོ་རྒྱུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་རྣལ་མ་དེའང་རེད་ཅེས་གསུངས་པ་བཞིན། བློ་མཐུན་ཞི་ཅིན་ཕིང་གིས་གསུང་བཤད་ནི་ཆབ་སྲིད་ཀྱི་གནད་དོན་གཏིང་ཟབ་མོ་ཞིག་ཡིན་པར་མ་ཟད། རིག་གནས་ཀྱི་གནད་དོན་གཏིང་ཟབ་མོ་ཞིག་ཀྱང་ཡིན་པས། ཆབ་སྲིད་ཀྱི་སྔོན་ཐོན་རང་བཞིན་དང་། མི་དམངས་ཀྱི་གཙོ་བོའི་རང་བཞིན། རིག་གནས་ཀྱི་གཏིང་ཟབ་ཅིང་ཡུན་རིང་བའི་རང་བཞིན་བཅས་ཟུང་འབྲེལ་གང་ལེགས་བྱས་པའི་ཆབ་སྲིད་ཀྱི་བློ་གྲོས་ཁྱད་དུ་འཕགས་པ་ཞིག་གོ །
གསུམ་ནི་གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས།
三是坚持创新发展。
བློ་མཐུན་ཞི་ཅིན་ཕིང་གིས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་རྒྱུན་འཁྱོངས་བྱེད་པ་དང་། གསར་སྐྲུན་རང་བཞིན་གྱི་བསྒྱུར་བཀོད་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་ཀྲུང་ཧྭའི་རིག་གནས་ཀྱི་མཚར་སྡུག་གསར་པ་བསྐྲུན་དགོས་ཞེས་གསུངས་པ་རེད། དུས་རབས་གསར་པར་སླེབས་པ་དང་བསྟུན་ནས། རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་རིག་གཞུང་གསར་པ་དང་ལྟ་བ་གསར་པ་ཁོང་དུ་ཆུད་དགོས་པ་དང་། བྱེད་ཐབས་གསར་པའང་ཁོང་དུ་ཆུད་པར་བྱེད་དགོས་ལ། ཁྱད་པར་དུ་ལས་བྱེད་པ་ལ་མཚོན་ན། བྱེད་ཐབས་ཀྱི་ཕྱོགས་ནས་བླང་བྱ་སྔར་བས་མཐོན་པོ་བཏོན་པ་དང་ལས་འགན་སྔར་བས་ལྕི་མོ་རེད། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཤིག་དགོས་པར་མ་ཟད། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་། དམངས་གཙོ་གོང་དུ་བཀུར་བ་བཅས་ཀྱི་རིག་གནས་ཀྱི་ཁོར་ཡུག་ཅིག་ཀྱང་དགོས། འདི་ཡི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྣེ་ཁྲིད་གང་ལེགས་གནང་བ་སྟེ། བསམ་བློ་དང་རིག་གཞུང་། སྙིང་དོན་བཅས་ཀྱི་ཚད་མཐོ་ས་ནས་གནད་དོན་ལ་ལྟ་ཞིབ་བྱས་ན་ཁ་གསལ་བ་དང་ཡུན་རིང་བ་རེད། རྩོད་སྒྲུབ་བསམ་བློ་དང་འཐབ་ཇུས་བསམ་བློ་སོགས་འདུས་པའི་བསམ་བློའི་ཚད་མཐོ་ས་ནས་གནད་དོན་ལ་ལྟ་ཞིབ་བྱས་ན་གཏིང་ཟབ་པ་དང་ཁྱབ་ཆེ་བ། རྩོད་སྒྲུབ་ཀྱི་རང་བཞིན་བཅས་ལྡན་པ་རེད། རིག་གཞུང་གསར་པ་དང་ཐབས་ཤེས་གསར་པ་ཁོང་དུ་ཆུད་པའི་རྩ་བ་ནི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན། དཔེར་ན་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་བརྩོན་དམིགས་འབེན་ལ་བཟུང་བ་ཡིན་ན། མི་དམངས་ཀྱི་རེ་བ་དོན་དམ་པ་ཅི་ཡིན་པར་རྒྱུས་ལོན་ཟབ་མོ་ཡོད་དགོས་པར་མ་ཟད། དེ་ཞིབ་ཕྲ་ཅན་དུ་བཏང་ནས་གོམ་གང་མདུན་སྤོས་སྒོས་ལས་ཀའི་དམིགས་འབེན་ལ་གཏན་འཁེལ་བྱེད་དགོས། འོན་ཀྱང་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་ནི་ཟ་མ་དང་གོན་པ། སྡོད་ཁང་བཅས་ཡོད་པའི་དངོས་པོའི་དགོས་མཁོ་ཙམ་ཞིག་མ་ཡིན་པར། སྔར་བས་སྣ་མང་ཅན་དུ་འགྱུར་ཡོད་པ་སྟེ། འདྲ་མཉམ་དང་དྲང་བདེན། ཡིད་རྟོན་རུང་བ་བཅས་ཀྱི་སྤྱི་ཚོགས་འགན་སྲུང་དང་། བརྟན་འཇགས་ཀྱི་ལས་ཀ་དང་ཡོང་འབབ། སྟབས་བདེ་བའི་སློབ་གསོ་དང་སྨན་བཅོས། བདེ་ཞིང་ཡིད་དུ་འོང་བའི་སྡོད་གནས་ཀྱི་ཁོར་ཡུག འཚོ་བའི་ལ་རྒྱ་དང་རྩིས་ཐང་། འདྲ་མཉམ། རང་དབང་། དམངས་གཙོ། རང་གི་བྱ་གཞག་འགྲུབ་པ་དང་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བ་སོགས་ཕྱོགས་མང་པོ་འདུས་ཡོད། ཁྱད་པར་དུ་དངོས་པོའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་རྗེས། བསམ་བློའི་རིག་གནས་ཀྱི་དགོས་མཁོ་ཚད་མཐོན་པོས་ཆེ་རུ་ཕྱིན་ངེས་རེད། མི་རིགས་སོ་སོའི་བར་ནས་ཕན་ཚུན་བསྡུ་ལེན་དང་དཔེ་ལྟ་བྱས་པར་ཕུད། སྲོལ་རྒྱུན་རིག་གནས་ལ་གསར་སྐྲུན་རང་བཞིན་གྱི་བསྒྱུར་བཀོད་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་སྔོག་འདོན་བྱེད་པ་དང་། རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། འདིའི་ཐད་ནས་མི་རིགས་ས་ཁུལ་ལ་མངོན་མེད་ཀྱི་ནུས་ཤུགས་ཆེན་པོ་ཡོད་པ་རེད།
མེ་ཏོག་གཅིག་ལས་དཔྱིད་དཔལ་མི་མཐོང་བས། འདབ་ལྡན་སྟོང་གིས་སོས་ཀའི་སྐྱེད་ཚལ་རྒྱན་ཞེས་པ་ལྟར། མི་རིགས་སོ་སོའི་རིག་གནས་ཀྱི་མངོན་མེད་ནུས་ཤུགས་འདོན་སྤེལ་གང་ལེགས་དང་གསོན་ཤུགས་རབ་ཏུ་རྒྱས་སུ་བཅུག་ནས་དགེ་མཚན་ལྡན་པའི་ནུས་ཤུགས་ལ་གྱུར་ན་ད་གཟོད་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་ཆེན་པོ་གཏོང་ཐུབ། ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་རླབས་ཆེན་བྱ་གཞག་བསྒྲུབས་དང་སྒྲུབ་བཞིན་ཡོད་པས། བློ་མཐུན་ཞི་ཅིན་ཕིང་གིས་རིག་གནས་ཀྱིས་རམ་འདེགས་མ་བྱས་པའི་བྱ་གཞག་གང་རུང་ཞིག་ཡུན་རིང་ལ་སྤེལ་མི་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བའི་མཐུན་རྐྱེན་དུ་འཛིན་དགོས་ཞེས་གསུངས་པ་ལྟར། ཆ་རྐྱེན་འདི་ནི་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་གསར་སྐྲུན་བྱ་དགོས། ལོ་རྒྱུས་ཀྱི་འཕེལ་རྒྱས་དང་གདམ་ངའི་མདུན་དུ། རིག་གནས་ནི་འགན་འཁྲི་ཆེན་པོ་ཞིག་གི་ཚུལ་གྱིས་མིག་མདུན་དུ་ལྷགས་པས། མི་རིགས་རིག་གནས་ཀྱི་ལས་དོན་སྒྲུབ་པའི་ལས་བྱེད་པས་དུས་ལྟར་རང་གི་བསམ་བློ་གཏོང་སྟངས་དང་ལས་ཀ་སྒྲུབ་སྟངས། གོམས་གཤིས་ཆགས་ལུགས་བཅས་ལ་བསྒྱུར་བཀོད་གང་ལེགས་བཏང་ནས། འགན་འཁྲིའི་འདུ་ཤེས་ལྡན་པ་དང་། བདག་བརྗེ་གཞན་གཅེས་ཀྱི་སྙིང་སྟོབས་ཡོད་དགོས་ལ། བསམ་བློ་གསར་པ་དང་མཐོང་རྒྱ་གསར་པ། བསམ་བློའི་རྣམ་འགྱུར་གསར་པ་བཅས་ལ་བརྟེན་ནས་བྱ་གཞག་གསར་པ་འགྲུབ་པར་བྱེད་དགོས་སོ། །