གནད་འཁེལ་དབུལ་སྐྱོར་གྱི་ལས་ཀའི་ཁྲོད་དུ། བཙན་ལྷ་རྫོང་གི་ས་ཆ་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། དབུལ་སྐྱོར་ནུས་ཤུགས་སྔོག་འདོན་དང་། ས་གནས་དང་ཟུང་འབྲེལ་གྱི་ཐབས་ལམ་སྤེལ་ནས། མང་ཚོགས་རྣམས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཀྱིན་ཡོད་པ་རེད།
མཚོ་ངོས་ལས་མཐོ་ཚད་སྨི་3300ཡོད་པའི་བཙན་ལྷ་རྫོང་ཆུ་དགར་ཡུལ་ཚོའི་ད་དཔོན་སྡེ་བ་རུ། གནད་འཁེལ་དབུལ་སྐྱོར་གྱི་ཁྱིམ་ཚང་26ལ་རྒྱལ་ཁབ་ཀྱི་སྲིད་ཇུས་བཏོན་པས། སྡོད་ཁང་ཇེ་ལེགས་སུ་གྱུར་ཡོད་པ་མ་ཟད། སྡེ་མི་ཚོས་ཡུལ་སྐོར་བ་སྣེ་ལེན་བྱས་ནས་འཕེལ་རྒྱས་ཕྱིན་ཡོད་པ་དང་། ཁྱིམ་ཚང་87ན་ནིང་ནས་དབུལ་ཐར་བྱས་ཡོད་པ་རེད།
སྔོན་ཆད་རོང་མ་འབྲོག་ཡིན་པའི་ད་དཔོན་སྡེ་བས་ད་ལྟ་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ས་གནས་མི་དམངས་ཀྱིས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་མ་དངུལ་ཇེ་མང་དུ་སོང་ཡོད་ལ། དབུལ་ཕོངས་ཁྱིམ་ཚང་ཚོས་ཡོང་འབབ་ལྡབ་འགྱུར་དུ་སོང་ཡོད་པ་རེད།།