སྐབས་གཉིས་པའི་བོད་ལྗོངས་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་མོའི་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 12-08


        ཟླ112པའི་ཚེས5ཉིན། སྐབས་གཉིས་པའི་བོད་ལྗོངས་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་མོ་ལྷ་སར་འགོ་ཚུགས་པ་རེད། ཐེངས་འདིའི་འགྲན་བསྡུར་ཁྲོད་ཁྱོན་བསྡོམས་ལས་གཏོད་གཞོན་ནུ200ལྷག་ཙམ་འགྲན་ཞུགས་བྱས་་ཡོད་ལ། ཟླ12པའི་ཚེས5ནས30ཉིན་གྱི་འགྲན་བསྡུར་རིང་། “ཕྱོགས་བསྡུས་འགྲན་བསྡུར+ཆེད་དམིགས་འགྲན་བསྡུར”གྱི་འགྲན་ལུགས་སྤྱད་ནས་འགྲན་རྩོད་བརྒྱུད་དེ་བྱ་དགའ་རིམ་པ་དང་པོ་གཅིག་དང་བྱ་དགའ་རིམ་པ་གཉིས་པ་གཉིས། བྱ་དགའ་རིམ་པ་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་ལྔ་བཅས་ཐོན་གྱི་ཡོད་ཅིང་། བྱ་དགའ་ཐོབ་པའི་རྣམ་གྲངས་ལ་རོགས་སྐྱོར་མ་དངུལ་སྤྲོད་རྒྱུ་ཡིན་པ་མ་ཟད། ད་དུང་དངུལ་རྩའི་རྒྱབ་སྐྱོར་དང་ལས་གཏོད་ཞབས་ཞུ་འབྲེལ་མཐུད་མཁོ་འདོན་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1