ཟླ་12ཚེས་7ཉིན། 《ཡུན་ནན་ཞིང་ཆེན་ལི་ཅང་འཇང་རིགས་ཀྱི་སྟོན་པའི་ཆོས་དཔེ་བྲིས་མ་བམ་པོ་བརྒྱ་དང་ལྔ་བཅུ་》ཀྲུང་གོའི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པ་རེད། ཆོས་དཔེ་བྲིས་མ་འདི་ནི་2003ལོའི་ཟླ་8པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་གི་དྲན་ཤེས་ཤུལ་བཞག་དུ་བཀོད་པའི་《འཇང་རིགས་ཀྱི་སྟོན་པའི་དཔེ་རྙིང་སྒྱུར་འགྲེལ་གསུང་འབུམ་》(བམ་པོ་བརྒྱ)དཔེ་གཞི་བྱས་པ་མ་ཟད། རྨང་གཞི་འདིའི་ཐོག་ཉེ་བའི་ལོ་འགའི་རིང་འཚོལ་སྡུད་ལེགས་སྒྲིག་གསར་པ་བྱས་པའི་སྟོན་པའི་ཆོས་དཔེ་ཆ་ཁ་ཤས་ཀྱང་བསྡུས་ཤིང་། དེའི་ནང་དོན་ནི་ཡུན་ནན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་འཇང་རིགས་ས་ཁུལ་གྱི་མཚོན་བྱེད་རང་བཞིན་ལྡན་པའི་སྟོན་པའི་ཆོས་དཔེ་ཡོད་ཚད་འདུས་ཡོད་པ་དང་། དེ་ནི་གནའ་བོའི་འཇང་རིགས་དང་གནའ་རབས་ལྷོ་ནུབ་མི་རིགས་ཞིབ་འཇུག་བྱེད་རྒྱུར་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་རིགས་རྩ་ཆེན་ཡིན་གྱི་པར་རིས་རེད།།