སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་འཚོགས་ལ་ཉེ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། སྤེལ་དུས། 12-13


 
        ཟླ12པའི་ཚེས13ཉིན་ནས་ཚེས17ཉིན་བར། སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་དེ་སེམས་ཀྱི་ཉི་ཟླ་ནས་འཚོགས་རྒྱུ་ཡིན་པ་ཡིན་པ་རེད།

        2017ལོའི་སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་དེ་ཟླ12པའི་ཚེས13ཉིན་སེམས་ཀྱི་ཉི་ཟླ་ནས་དངོས་སུ་འགོ་རྩོམ་རྒྱུ་རེད།    ང་ཚོས་མཛེས་སྡུག་ལྡན་པའི་སྤང་ལྗོངས་། རི་མཐོ།  མཚེའུ་བཅས་ནས་འཕུར་ལྡིང་གར་གྱིས་རྩེན་པའི་བྱ་ཚོགས་ཀྱི་འཇིག་རྟེན་ལ་ལྟད་མོ་བལྟས་ཆོག་པ་རེད།  

        རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་འགྲན་བསྡུར་རུ་ཁག་16རང་བྱུང་གི་གར་སྟེགས་ཁྲོད་ཀྱི་བུད་དེ་སེམས་ཀྱི་ཉི་ཟླ་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དང་ནགས་ཕག་མཚོ་ལྗོངས་ཁུལ་ནས་དུས་ཡུན་ཉིན་3རིང་གི་བྱ་གཟིགས་ནུས་རྩལ་འགྲན་རྒྱུ་རེད། ཁོང་ཚོས་རང་ཉིད་ཀྱི་འཇོན་ཐང་སྤྱད་དེ་བྱ་རིགས་ངོས་འཛིན་གནང་ནས་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་འགྲན་སློང་བྱ་རྒྱུ་རེད།  

        བྱ་གཟིགས་ཀྱི་སྤྲོ་སྣང་ནི་རོལ་མྱོང་ཁོ་ན་བྱེད་པ་ཙམ་མིན་པར་ད་དུང་རང་བྱུང་ཁམས་ཆེན་པོའི་ཀློང་ན་བག་ཡེངས་གར་གྱིས་འཕུར་ལྡིང་བྱེད་པའི་བྱ་རིགས་པར་རྒྱག་པ་དང་བྱ་རིགས་དང་མཉམ་དུ་སྤྲོ་སྣང་འཕེལ་རྒྱུ་ཡང་སྤྲོ་སྣང་གཙོ་བོ་ཞིག་རེད།   2017ལོའི་སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་ཁྲོད་ང་ཚོས་ནགས་ཕག་མཚོའི་རྩྭ་ཐང་ན་རྟ་ནོར་ལུག་གསུམ་སྐར་ཚོགས་ས་ལ་བཀྲམ་པ་ངོ་མཚར་བའི་འཇིག་རྟེན་ཞིག་གྲུབ་ཡོད་པའི་སྣང་བརྙན་ལོངས་སྤྱོད་དང་།  ད་དུང་འབའ་ལྷག་དཀར་རྫོང་གི་གངས་རི་དང་གྲོག་རོང་།  འཁྱགས་རོམ།  མཐོ་སྒང་གི་མཚེའུ་བཅས་ནས་བྱ་རིགས་ཀྱི་གསང་བའི་འཇིག་རྟེན་ལ་རྒྱུས་ལོན་ཐེངས་ཤིག་བྱས་ཆོག་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1