མཛེས་སྡུག་ལྡན་པའི་གཟི་རྩ་སྡེ་དགུ་གསར་པ་འཛུགས་སྐྲུན་བྱ་རྒྱུ་རེད།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-15


        ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག གཟི་རྩ་སྡེ་དགུའི་ས་འགུལ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ནི་ཞིང་ཆེན་ཡོངས་ཀྱི་འགན་འཁྲི་གལ་ཆེན་ཞིག་དང་། རྔ་བ་ཁུལ་དང་གནོད་ཐེབས་རྫོང་ཁག་སོ་སོའི་ལྟེ་བའི་འགན་འཁྲི་ཡིན། སླར་གསོ་བསྐྱར་སྐྲུན་གྱི་ཐབས་ལམ་གསར་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏང་དགོས་ཏེ། ལོ་ངོ་གསུམ་རིང་གི་དུས་ཚོད་ནང་གཞི་རྩའི་ངང་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་ལེགས་འགྲུབ་བྱུང་བ་དང་། གནོད་ཐེབས་ས་ཁུལ་གྱི་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་བསམ་བློ་གལ་ཆེན་གྱི་ལག་ལེན་འཛུགས་སྐྲུན་དང་། མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་དང་དབུལ་གྲོལ་ཕྱུག་འགྱུར་གྱི་ཚད་གཞིར་སྐུལ་འདེད་གཏང་དགོས་ཞེས་བསྟན། 

        ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག《ཀྲུང་གུང་སི་ཁྲོན་ཞིང་ཆེན་གྱིས་གཟི་རྩ་སྡེ་དགུའི་ས་འགུལ་གནོད་ཐེབས་ས་ཁུལ་དུ་ཚན་རིག་དང་མཐུན་པའི་སྒོས་ལྗང་མདོག་འཕེལ་རྒྱས་བསྐྱར་སྐྲུན་ལ་སྐུལ་འདེད་བཏང་ནས། མཛེས་སྡུག་ལྡན་པའི་གཟི་རྩ་སྡེ་དགུ་གསར་པ་མགྱོགས་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཐག་གཅོད།》ལ་གྲོས་འཆམ་བྱུང་།

        ཚང་འཛོམས་གྲོས་ཚོགས་ཐོག གཟི་རྩ་སྡེ་དགུའི་ས་འགུལ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ནི་ཞིང་ཆེན་ཡོངས་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་ཞིང་། རྔ་བ་ཁུལ་དང་གནོད་ཐེབས་རྫོང་ཁག་སོ་སོའི་ལྟེ་བའི་འགན་འཁྲི་ཡིན། སླར་གསོ་བསྐྱར་སྐྲུན་གྱི་ཐབས་ལམ་གསར་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏང་དགོས་ཏེ། ལོ་ངོ་གསུམ་རིང་གི་དུས་ཚོད་ནང་གཞི་རྩའི་ངང་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་ལེགས་འགྲུབ་བྱེད་པ་དང་། གནོད་ཐེབས་ས་ཁུལ་གྱི་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་བསམ་བློ་གལ་ཆེན་གྱི་ལག་ལེན་འཛུགས་སྐྲུན་དང་། མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་དང་དབུལ་གྲོལ་ཕྱུག་འགྱུར་གྱི་ཚད་ལྡན་ལ་སྐུལ་འདེད་གཏང་དགོས་ཞེས་བསྟན། 

འཆར་འགོད་སྣེ་ཁྲིད་ལ་རྒྱུན་འཁྱོངས་བྱེད་པ།
རང་བྱུང་ལ་བརྩི་སྲུང་དང་སྐྱེ་ཁམས་སྔོན་དུ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ།
ཡུལ་བབ་དང་བསྟུན་ཞིང་ཚན་རིག་དང་མཐུན་པའི་སྒོས་བསྐྱར་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་པ།
མི་གཙོ་བོར་འཛིན་པ་དང་དམངས་འཚོ་ལེགས་བཅོས་རྒྱུན་འཁྱོངས་བྱེད་པ།
ཚད་མཐའི་བསམ་གཞིག་དང་བདེ་འཇགས་འགན་སྲུང་རྒྱུན་འཁྱོངས་བྱེད་པ།
ནང་རྐྱེན་གསར་གཏོད་དང་འགན་སྲུང་ཤུགས་སྣོན་རྒྱུན་འཁྱོངས་བྱེད་པ།
གཙོ་གནད་ལས་འགན་དམ་འཛིན།
སྐྱེ་ཁམས་ཁོར་ཡུག་སླར་གསོ་ལ་སྲུང་སྐྱོབ་བྱེད་པ།
ས་གཤིས་གནོད་འཚེ་ལ་འགོག་བཅོས་བྱེད་པ།
ལྗོངས་རྒྱུ་ཁུལ་སླར་གསོ་མཐོར་འདེགས་དང་ཐོན་ལས་གོང་འཕེལ་གཏོང་བ།
རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་བསྐྱར་སྐྲུན་བྱེད་པ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་བསྐྱར་སྐྲུན་སོགས་ཀྱི་འགན་འཁྲི་གལ་ཆེན།
འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱེད་པ།
ལུའུ་ཧྲན་ས་འགུལ་སོགས་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཉམས་མྱོང་མིག་དཔེར་འཛིན་པ་དང་བཀོལ་སྤྱོད་གང་ལེགས་བྱེད་པ།
ཞིང་ཆེན་གྱིས་གཅིག་གྱུར་མཛུབ་སྟོན་དང་གནོད་ཐེབས་ཁུལ་དང་རྫོང་གིས་གཙོ་གཟུགས་བྱེད་པ། གནོད་ཁུལ་མང་ཚོགས་རྒྱ་ཆེར་ཟབ་ཞུགས་བྱེད་པའི་སྒྲིག་སྲོལ་ལག་བསྟར་བྱེད་པ།
བསྐྱར་སྐྲུན་གྱི་སྤུས་ཚད་དང་ལས་ཆོད་མཐོར་འདེགས་སུ་གཏོང་བ།
ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བྱེད་པ།
གོ་རིམ་ཡོངས་སུ་རྩིས་བཤེར་རྗེས་འདེད་བྱེད་པར་ཤུགས་སྣོན་བྱེད་པ།
རྣམ་གྲངས་གལ་ཆེན་གྱི་སྤུས་ཚད་ལ་ཚེ་གང་འགན་འཁྲིའི་ལམ་ལུགས་འཛུགས་པ།
དྲང་བདེན་བསྐྱར་སྐྲུན་དང་སྤྱོད་གཙང་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1