མཚོ་སྔོ་ཞིང་ཆེན་ས་ཡོམ་ཁང་ལས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། 2017ལོའི་ཟླ་12ཚེས་15ཉིན་གྱི་ནམ་གུང་གི་ཆུ་ཚོད་2དང་སྐར་54ཐོག མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དུ་ས་ཡོམ་རིམ་པ་4.9བྱུང་ཞིང་། ས་ཡོམ་གྱིས་མི་རྣམས་གཉིད་ལས་དཀྲོགས་ཤིང་སྒོར་བུད་དེ་ཉེན་གཡོལ་བྱས་འདུག་ལ། ས་ཡོམ་ཁྲོད་མི་ཤི་རྨས་བྱུང་མིན་སོགས་ད་དུང་ཤེས་ཀྱི་མེད་མོད། ཁང་པ་ཁག་ཅིག་ལ་གས་སྲུབས་བྱུང་ཡོད་འདུག
ས་ཡོམ་གྱིས་ཁང་པར་གས་སྲུབས་བྱུང་བ།
ཕྱི་ལོགས་སུ་ཉེན་གཡོལ་བྱེད་བཞིན་པའི་མང་ཚོགས།
ས་ཡོམ་གྱིས་རྡོ་ཉིལ་བྱུང་བའི་རྣམ་པ།
ཐེངས་འདིའི་ས་ཡོམ་གྱི་ཡོམ་གནས་ནི་རྩེ་ཁོག་རྫོང་གྲོང་དང་བར་ཐག་སྤྱི་ལེ་༣༨་དང་། རེབ་གོང་རྫོང་གྲོང་དང་བར་ཐག་སྤྱི་ལེ་༤༥ཡོད་ཅིང་། ཡོམ་གནས་ཀྱི་སྤྱི་ལེ་༣༠ནང་ཚུན་དུ་གྲོང་ཚོ་༢༡ཡོད་པ་དང་། རྩེ་ཁོག་རྫོང་ཁོངས་གཏོགས་ཀྱི་གྲོང་ཚོ་གསུམ་བཞི་ཙམ་ལ་གློག་ཆད་ཡོད་འདུག །