ལེ་པ་ནོན་དུ་འཚམས་འདྲི་བྱེད་བཞིན་ཡོད་པའི་ཨི་རན་གྱི་ཨ་རབ་དང་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་ལས་དོན་གྱི་འགན་འཁུར་བའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཨ་པུའུ་ཏུའུ་ལཱ་ཞི་ཡཱང་གིས་ཚེས་26ཉིན་པེ་རུ་ཐི་ནས་ནན་གྱིས་བཤད་རྒྱུར། ཨི་རན་གྱིས་ཕ་ལི་སི་ཐན་གྱིས་ཨི་ཟི་རེལ་གྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་དང་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།
ཨ་པུའུ་ཏུའུ་ལཱ་ཞི་ཡཱང་གིས་ནན་གྱིས་བཤད་རྒྱུར། ཨི་རན་གྱིས་ཕ་ལི་སི་ཐན་དང་ས་ཁུལ་དེའི་འགོག་རྒོལ་ལས་འགུལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཨི་ཟི་རེལ་གྱིས་མུ་མཐུད་ནས་ཅ་ཧྲ་ས་ཁུལ་ལ་བཙན་འཛུལ་བྱེད་པར་བཟོད་སྒོམ་གཏན་ནས་མི་བྱེད་པར་མ་ཟད། ཨི་ཟི་རེལ་གྱིས་ཕ་ལི་སི་ཐན་པ་དམར་གསོད་གཏོང་བར་རང་ནུས་ཅི་ལྕོགས་ཀྱིས་བཀག་འགོག་བྱ་རྒྱུ་ཡིན་ཟེར།