ཟླ་12ཚེས་13ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གཙང་མདོ་ཤང་ལྕུམ་ས་གྲོང་ཚོའི་དུད་ཚང་དབུལ་ཕོངས་འགྱུར་མེད་ཚང་ཁང་པ་གསར་པར་གནས་སྤོ་བྱས་ནས་དུས་སྐབས་བཟང་པོ་བསུས་པ་རེད། ཉེ་བའི་ལོ་འགའི་རིང་ལ་རྫོང་འདིས་དབུལ་སྒྲོལ་འགག་སྒྲོལ་ཤུགས་ཆེན་བྱས་པས། འགྱུར་མེད་ཚང་རི་ཁུག་ནས་གྲོང་ཚོའི་ལྟེ་བར་གནས་སྤོས་པ་མ་ཟད། ད་དུང་བོད་ལུགས་ཀྱི་ཁང་བརྩེགས་གཉིས་ཅན་ཞིག་ཀྱང་བསྐྲུན་ཡོད་པ་རེད།།