རྔ་བ་ཁུལ་ཨུ་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཁེ་ཉིང་། ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་མཐུན་ཚོགས་པའི་ཚོགས་གཙོ་ཀྲའོ་ཕིན། ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཡུང་། ཁུལ་ཨུ་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧའོ་པིན། དེ་མིན་ཁྲེང་ཏུའུ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མེན་དབྱང་གྲོང་ཁྱེར་སྲིད་གཞུང་། ལྷོ་ནུབ་མི་རིགས་སློབ་ཆེན། ནེའུ་ཙི་ལན་ཁྲེང་ཏུའུ་སྤྱི་ཁྱབ་ལས་སྒྲུབ་ཁང་། ཞིང་ཆེན་ཞིང་ལས་ཐིང་། ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས། ཁྲེང་ཏུའུ་གྲོང་ཁྱེར་ཡུལ་སྐོར་ཅུས། ཁྲེང་ཏུའུ་གྲོང་ཁྱེར་ཚོང་དོན་ཨུ་ལྷན། མི་དམངས་ཉིན་རེའི་ཚགས་པར། ཞིན་ཧྭ་གསར་འགྱུར་ཁང་། སི་ཁྲོན་བརྙན་འཕྲིན་ལས་ཁུངས། སི་ཁྲོན་བརྙན་འཕྲིན་ཁང་། ཧྭ་ཞི་གྲོང་ཁྱེར་ཚགས་པར་དང་སྤྱི་ཚོགས་ལས་རིགས་ཁག་གི་སྐུ་མགྲོན་200ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།
ཧུང་ཡོན་རྫོང་གི་སྐབས་དང་པོའི་ནོར་གནག་ཟས་མཆོག་རིག་གནས་དུས་ཆེན་ཏེ་རྩྭ་ཐང་ཆེན་མོའི་ཁྱད་ལྡན་ལྗོངས་སྐོར་འོས་སྦྱོར་བྱེད་སྒོ་ནི་ཧུང་ཡོན་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། བྱེད་སྒོའི་བརྗོད་དོན་ནི་ས་མཐོའི་ཁྱད་ལྡན་ཟས་མཆོག་ལ་རོལ་ནས། རྩྭ་ཐང་གི་དམར་པོའི་རིག་གནས་ལ་མྱོང་རོལ། ལྗང་མདོག་སྐྱེ་ཁམས་མཛེས་ལྗོངས་ལ་གཟིགས་རོལ་ཞེས་པ་ཡིན་ལ། དུས་ཡུན་ཉིན་བཅུ་ཡིན།