འཛམ་ཐང་རྫོང་སྲིད་གྲོས་ཀྱིས་ངས་དབུལ་སྐྱོར་གནད་སྒྲོལ་ལ་དོན་བཟང་ཞིག་བསྒྲུབ་ཅེས་པའི་བྱེད་སྒོ་སྤེལ་ཚུལ་དངོས་བཀོད།
2017ལོར། ཀྲུང་དབྱང་དང་ཞིང་ཆེན། ཁུལ་སྲིད་གྲོས་ཀྱི་ངས་དབུལ་སྐྱོར་གནད་སྒྲོལ་ལ་དོན་བཟང་ཞིག་བསྒྲུབ་ཅེས་པའི་བླང་བྱ་དང་བཀོད་སྒྲིག་ལྟར། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་འཛམ་ཐང་རྫོང་ཨུའི་ཧྲུའུ་ཅི་འཇམ་དཔལ་དང་རྫོང་དཔོན་ཀྲང་ཏེ་ཧྥ་ཡིས་རྒྱབ་སྐྱོར་འོག འཛམ་ཐང་རྫོང་སྲིད་གྲོས་དང་ཨུ་ཡོན་རེ་རེ་ངས་དབུལ་སྐྱོར་གནད་སྒྲོལ་ལ་དོན་བཟང་ཞིག་བསྒྲུབ་ཅེས་པའི་བྱེད་སྒོར་ཞུགས་ནས་དབུལ་སྐྱོར་གནད་འཁེལ་ཧུར་ཐག་གིས་བསྒྲུབས་པས། རྒྱ་ཆེ་བའི་གཞི་རིམ་མང་ཚོགས་ཀྱིས་བསྟོད་པའི་མེ་ཏོག་གཏོར་བཞིན་གདའ།
དབུལ་ཁྱིམ་མཐའ་ནས་བསྐྱོར།
འཛམ་ཐང་རྫོང་སྲིད་གྲོས་ཀྱིས་དབུལ་སྐྱོར་གནད་འཁེལ་དང་ཉེ་སྒྲིག་དབུལ་སྐྱོར་ནི་འགོ་ཁྲིད་ལས་བྱེད་པ་དང་གཞི་རིམ་མང་ཚོགས་བར་གྱི་འབྲེལ་ཐག་ཏུ་བརྩིས་ནས། སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེར་སོང་ནས་གཉེན་ཉེ་བསྒྲིགས་ཤིང་དབུལ་སྐྱོར་གྱི་ལས་ལ་འབད་འབུངས་བྱས་པར་མ་ཟད། ངས་དབུལ་སྐྱོར་གནད་སྒྲོལ་ལ་དོན་བཟང་ཞིག་བསྒྲུབ་ཅེས་པ་ཁ་བཤད་ཙམ་མིན་པར་དོན་ཐོག་ཏུ་གནས་ཆེད། འཛམ་ཐང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡིས་ཚན་གཙོ་དང་ཀྲུའུ་ཞི་གཞོན་པ་དག་གིས་ཚན་གཙོ་གཞོན་པའི་འགན་ཁུར་བ་དང་། དྲུང་ཡིག་ཆེན་མོ་དང་ཚན་ཁག་སོ་སོའི་གྲུབ་མིར་གྱུར་པའི་འགོ་ཁྲིད་ཚན་ཆུང་བཙུགས་ནས། སྐྱིད་པའི་སྡེ་གསར་འཛུགས་སྐྲུན་དང་དམངས་ཕྱུག་ཐོན་ལས་གསོ་སྦྱོང་། སློབ་གསོ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོང་སོགས་ལ་དམིགས་ནས་དབུལ་སྐྱོར་འཆར་གཞི་བཀོད་པ་དང་། དབུལ་ཁྱིམ44དང་དབུལ་བོ230ལ་གཉེན་ཉེ་བསྒྲིགས་ནས་ལས་ཞུགས་གསོ་སྦྱོང་དང་ཉེན་ཁང་ཞིག་གསོ། ཐོན་ལས་གསུམ་པ་འཕེལ་རྒྱས་སོགས་དབུལ་སྐྱོར་བྱེད་ཐབས་བཀོད་ཡོད།
མིག་དཔེ་རང་ནས་སྟོན།
རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་རྣམས་དབུལ་ཕོངས་ཡུལ་སྡེ་དང་དབུལ་ཕོངས་ཁྱིམ་ཚང་རེ་རེར་དངོས་སུ་སོང་ནས་གནས་ཚུལ་རྒྱུས་བླངས་ཤིང་། ལྟ་སྐུལ་མཛུབ་སྟོན་བྱས་ཡོད་དེ། གཅིག་ནི་མཚན་འཛིན་སློབ་གཙོའི་འགན་ཁུར་ནས་ཁྱིམ་བདག་ལ་སློབ་གསོ་དང་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་པར་སྐུལ་སློང་བཏང་བར་མ་ཟད། སློབ་གྲྭར་དཀའ་ངལ་སེལ་རོགས་དང་དབུལ་ཕོངས་སློབ་མར་རོགས་སྐྱོར་བྱེད་ཐབས་སོགས་བཀོད། གཉིས་ནི་གྲོང་སྡེ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་ལ་ཤུགས་བསྣན་པ། ལས་བྱེད་པ་རྣམས་ཡུལ་སྡེ་དང་དགོན་ཁག ཁྱིམ་ཚང་རེ་རེར་སོང་ནས་སྐབས་བརྗེ་འདེམ་བསྐོ་གལ་ཆེ་ཚུལ་ཞིབ་མོར་བཤད་ནས་གྲོང་སྡེ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་དྲང་བདེན་དང་འདྲ་མཉམ་ངང་དུས་ཐོག་ཏུ་འགྲུབ་པ་འགན་བླངས། གསུམ་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུང་ཚང་དུ་བཏང་། མང་ཚོགས་ཀྱིས་བཤད་ཐེངས་མང་བའི་གནད་དོན་ལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དོ་སྣང་བྱེད་པའི་གྲོས་གཞི་བཏོན་ནས། མང་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་བའི་དཀའ་ངལ་སེལ་རོགས་བྱས་ཡོད་དེ། དཔེར་ན་རྐ་མདའ་ཡུལ་ཚོའི་ལྡ་རི་སྡེ་བའི་བཏུང་ཆུའི་གནད་དོན་བསལ་ནས། ཁྱིམ་ཚང42དང་མང་ཚོགས216གིས་དྭངས་ཤིང་གཙང་བའི་ཆུ་འཐུང་ཐུབ་པ་ལྟ་བུ། བཞི་ནི་བརྟག་ཞིབ་ལས་ཀ་ལེགས་པོར་བསྒྲུབས།
དབུལ་སྐྱོར་འབྲས་བུ་བཟང་།
རྫོང་སྲིད་གྲོས་ཀྱི་ཏང་ཡོན་ལས་བྱེད་པ་ཚང་མ་ངས་དབུལ་སྐྱོར་གནད་སྒྲོལ་ལ་དོན་བཟང་ཞིག་བསྒྲུབ་ཅེས་པའི་བྱེད་སྒོ་ལ་ཧུར་ཐག་གིས་ཞུགས་ནས། གྲོང་སྡེ་དང་མང་ཚོགས་ཀྱི་ཆེས་སེམས་ཁུར་ཆེ་སའི་གནད་དོན་རེ་རེ་དོན་ཆེན་དུ་བརྩིས་ནས་ལེགས་པོར་བསྒྲུབས་ཡོད་དེ། གཅིག་ནི་རྫོང་སྲིད་གྲོས་ཀྱིས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་དབུལ་སྐྱོར་ཉེ་སྒྲིག་གི་བྱེད་སྒོ་སྤེལ་ནས། རྫོང་ཡོངས་ཀྱི་དབུལ་ཁྱིམ་གྱི་ཁེར་འདུག་ཨ་མ788ལ་སྙིང་ཉེ་བའི་གཉེན་ཉེ་བསྒྲིགས། གཉིས་ནི་རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་དང་ཁའོ་རིམ་གཞོན་པ་ཡན་གྱི་ལས་བྱེད་པས་དབུལ་ཁྱིམ32དང་དབུལ་ཕོངས་སློབ་མ14། དགོན་ཁག6གི་གྲྭ་བཙུན་འགའ་ལ་གཉེན་ཉེ་བསྒྲིགས་ནས་རོགས་སྐྱོར་བྱས། གསུམ་ནི་གསུམ་བརྒྱད་བུད་མེད་དུས་ཆེན་སྐབས་སུ་རྐ་མདའ་ཡུལ་ཚོའི་ལྡ་རི་གྲོང་སྡེ་ནས་བྱ་འགུལ་སྣ་ཚོགས་སྤེལ་ནས་བདེ་ཞིང་སྐྱིད་པའི་དུས་ཆེན་རོལ་བར་མ་ཟད། བཅའ་ཁྲིམས་ཤེས་བྱ་དང་གཙང་སྦྲ། སློབ་གསོ་སོགས་ཀྱི་ཐད་ནས་འཆད་ཁྲིད་བྱས། རྫོང་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རང་གི་ལས་དོན་དངོས་ལ་འབྲེལ་ཞིང་ཐུན་མིན་འཇོན་རྩལ་ལ་བརྟེན་ནས་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཏེ། དབུལ་སྐྱོར་གནད་འཁེལ་དང་དབུལ་སྒྲོལ་གནད་འཁེལ་ལ་དོན་དངོས་དང་དོན་བཟང་མང་དུ་བསྒྲུབས།
འགན་འཁྲི་ཕྲག་ལ་ཁུར། བྱམས་བརྩེ་དམངས་ལ་འཆང་།
འཛམ་ཐང་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་ལྷ་པའི་གནས་ཚུལ་བཀོད་པ།
2010ལོའི་ཟླ10བར། འཛམ་ཐང་རྫོང་བོད་སྨན་ཁང་དངོས་སུ་བཙུགས་ཤིང་། ལྷ་པ་ནི་བོད་སྨན་ཁང་གི་འགོ་གཙོར་བསྐོས་ནས་ལས་འགན་ཡོངས་སུ་འཁུར། ལྷ་པས་ཉིན་བཞིན་བོད་སྨན་ཁང་གི་དོ་དམ་ལས་དོན་རེ་རེ་བསྒྲུབ་དགོས་པར་མ་ཟད། ནད་པ་རེ་རེའི་ནད་ལའང་ཞིབ་མོར་བརྟག་དགོས། ལས་ཞོར་དུ་ཐབས་བརྒྱ་ཇུས་སྟོང་གིས་དམངས་ལ་ཕན་པའི་བྱ་གཞག་མང་དུ་བསྒྲུབས་ཡོད་དེ། ད་ལོར། གཞི་རིམ་དུ་ཐེངས་མང་བོར་སོང་ནས་ནད་བརྟག་ནད་བཅོས་བྱས་པར་མ་ཟད། རོང་འབྲོག་མང་ཚོགས་ལ་རིན་མི་ལེན་པར་ཁྲག་ཤེད་འཇལ་བ་དང་སྨན་རྫས་སྟེར་བ་སོགས་ཀྱི་དགེ་བའི་ལས་བསྒྲུབས་ཤིང་། འཕྲོད་བསྟེན་བདེ་ཐང་གི་ཤེས་བྱ་མང་དུ་འཆད་འགྲེལ་བྱས་པས་རོང་འབྲོག་མང་ཚོགས་ཀྱིས་མཐོ་སྒང་གི་ལྷ་རྗེ་ཞེས་འབོད་བཞིན་གདའ།
འབྱོར་ཕྱུག་ལམ་ནས་ཡུལ་སྡེ་མ་བརྗེད།
འཛམ་ཐང་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་ལི་ཞའོ་ཀང་གི་གནས་ཚུལ་བཀོད་པ།
ཆུ་འཐུང་དུས་ཆུ་དོང་རྐོ་མཁན་མ་བརྗེད་ཅེས་པ་ལྟར། ཛམ་བྷ་ལའི་ཐང་ནས་ཁོ་ལ་ལས་གཏོད་ཀྱི་གོ་སྐབས་བསྩལ་ནས་ཕྱུག་བདག་ཏུ་གྱུར་རུང་། ཛམ་བྷ་ལའི་ཐང་གི་དྲིན་ལན་མ་བརྗེད་པར་ཅི་ནུས་ཀྱིས་རོགས་སྐྱོར་བྱས་ཡོད་དེ། ཉེ་བའི་ལོ་ཤས་རིང་། ཆ་ཚང་མིན་པའི་སྡོམ་རྩིས་ལྟར་ན། ཁོས་དབུལ་སྐྱོར་གནད་འཁེལ་ཁྱིམ་ཚང་ལ་ལས་རྐང40བསྩལ་བ་དང་། སྒོར་ཁྲི10ལྷག་གི་སློབ་རོགས་ཞལ་འདེབས་ཕུལ་བ་སོགས་དགེ་བའི་ལས་མང་དུ་བསྒྲུབས་ཡོད། ཁོ་ནི་འཛམ་ཐང་རྫོང་གི་སྐབས་བཅུ་གསུམ་པའི་སྲིད་གྲོས་ཨུ་ཡོན་དང་འཛམ་ཐང་རྫོང་ཉི་འོད་ཤོག་ཁག་གི་ཚོང་དཔོན་ཆེན་མོ་ལི་ཞའོ་ཀང་ཡིན།
ལི་ཞའོ་ཀང་གི་ཉི་འོད་ཤོག་ཁག་ནི་ཟ་ཁང་དང་ཉལ་ཁང་། ཚོགས་ཁང་། སྤྲོ་གསེང་ཁང་བཅས་འཛོམས་པའི་བོད་ཁྱིམ་སྤྲོ་གསེང་ཁང་ཞིག་ཡིན། ཁོས་ལས་བཟོ་བ་རྣམས་ལ་སྤགས་རིགས་རྔོ་ཚུལ་དང་མགྲོན་པོ་སྣེ་ལེན། བཅའ་ལག་ཉོ་ཚུལ་སོགས་མ་གསང་དྲང་མོར་འཁྲིད་ནས་མ་འོངས་པ་ན་ཚོང་ལམ་འདི་འདྲར་ཞུགས་པར་སྐུལ་སློང་ཡང་ཡང་གཏོང་བཞིན་ཡོད། མིག་སྔར། ལི་ཞའོ་ཀང་གི་ཉི་འོད་ཤོག་ཁག་ནས་ཁེར་ཚུགས་སུ་བུད་ནས་རང་གིས་གཉེར་བའི་བོད་ཁྱིམ་སྤྲོ་གསེང་ཁང3ཡོད།
མཐོ་སྒང་དུ་དངོས་མིན་ཤུལ་བཞག་གི་མེ་ཏོག་ལྷུག་པོར་གྲོལ།
འཛམ་ཐང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དབྱངས་བློ་གྲོས་ཀྱི་གནས་ཚུལ་བཀོད་པ།
འཇམ་དབྱངས་བློ་གྲོས་ནི་འཛམ་ཐང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རྒྱུན་འཛིན་པ། ཀྲུང་གོ་མི་དམངས་སློབ་ཆེན་གྱི་རྒྱ་བོད་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་བློ་འདྲི་ས་ཡང་ཡིན། ཁོང་གིས་ཕྱོགས་བསྒྲིགས་བྱས་པའི་ཇོ་ནང་རིག་མཛོད་ཅེས་པ་དཔར་དུ་བསྐྲུན་ཡོད་ལ། བོད་རྒྱ་ནང་བསྟན་རིག་གནས་ལ་དོན་སྙིང་གལ་ཆེན་ལྡན། དེ་མིན་ཁོང་གིས་སྔོག་འདོན་བྱས་པའི་ཇོ་ནང་སྔགས་ཀྱི་རོལ་ཆས་དང་ཇོ་ནང་ཐང་གའི་སྒྱུ་རྩལ། ཇོ་ནང་བོད་སྨན་བཅས་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་བྱང་དུ་ཚུད་ཡོད་ཅིང་། ཁོང་ཡང་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རྣམ་གྲངས་ཀྱི་འཐུས་ཚབ་རྒྱུན་འཛིན་པ་ཡིན། དངོས་མིན་ཤུལ་བཞག་རིག་གནས་དེ་འདྲ་མང་བས་འཛམ་ཐང་ལ་ཀྲུང་གོའི་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མིང་ཡང་ཐོགས་ཡོད།
ཁོང་གིས་གསར་དུ་བཙུགས་པའི་ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་ལ་ད་ལྟ་སློབ་མ་500ལྷག་ཡོད་ལ། སྔགས་ཀྱི་རོལ་ཆས་དང་བོད་སྨན། བོད་ལུགས་སྐུ་འདྲ། བོད་ལུགས་ཤིང་བརྐོས་སོགས་དངོས་མིན་ཤུལ་བཞག་རྣམ་གྲངས་གསར་དུ་བསྣན་ཡོད། སློབ་མ་དག་གི་བརྩམས་ཆོས་དག་པེ་ཅིང་སློབ་ཆེན་དང་ཀྲུང་གོ་མི་དམངས་སློབ་ཆེན། ཧྲང་ཧའེ་དང་ཀྲི་ཅང་གི་མཛེས་རྩལ་ཁང་སོགས་ནས་འགྲེམ་སྟོན་བྱས་ཤིང་། རྒྱལ་ཁབ་ཕྱི་ནང་གི་རིག་གནས་སྡེ་ཁག་གིས་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད།