ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དོན་ཡོངས་སྒྲོག་ཚོད་ལྟའི་སྲོལ་ཡིག་དཔར་ནས་བཀྲམ།
རྩོམ་སྒྲིག་པ།ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-27
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གིས་ཉེ་ལམ་ཀྲུང་གོ་གུང་ཁྲན་ཏང་གི«ཏང་དོན་ཡོངས་སྒྲོག་ཚོད་ལྟའི་སྲོལ་ཡིག»དཔར་ནས་བཀྲམ་པར་མ་ཟད། བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དེ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱ་དགོས་པའི་རེ་བ་བཏོན།
ཏང་དོན་ཡོངས་སྒྲོག་བྱེད་པར་སྐུལ་འདེད་གཏོང་བ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་ང་ཚོ་ཏང་གིས་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བའི་མཚོན་བྱེད་གལ་ཆེན་ཡིན་ལ། ཏང་ཡོངས་ཀྱི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན་པས། ཏང་ནང་གི་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་། ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་པ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཏང་གི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས་དང་སྲིད་ཇུས་བཅས་སྔར་ལས་ལག་ལེན་མཐར་ཕྱིན་བྱེད་པ་བཅས་ཐད་ལ་དོན་སྙིང་གལ་ཆེན་ལྡན། སྲོལ་ཡིག་གཏན་འབེབས་བྱས་པ་ལས་ཏང་དོན་ཡོངས་སྒྲོག་བྱ་བ་བཟང་བོར་སྒྲུབ་པར་གཞི་རྩའི་སྲུང་བྱ་འདོན་སྤྲོད་བྱས་ཡོད་ལ་། ཏང་དོན་ཡོངས་སྒྲོག་བྱ་བ་ཁྱོན་ཡོངས་ནས་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཕྱོགས་སུ་བསྒྱུར་བར་མཚོན་ཡོད།
རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་དོན་ཡོངས་སྒྲོག་བྱ་བའི་གཞི་རྩའི་རྩ་དོན་དམ་པོར་བཟུང་སྟེ། ཏང་དོན་ཡོངས་སྒྲོག་བྱ་བ་དེ་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་བཞག་ནས་ཇུས་འགོད་བྱེད་དགོས་ལ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་རེ་བས་ཏང་དོན་ཡོངས་སྒྲོག་བྱེད་པའི་གོ་རིམ་ཡོངས་དང་ཕྱོགས་སོ་སོའི་ཐད་ཁྱབ་པར་བྱེད་དགོས། སྲོལ་ཡིག་ལ་སློབ་སྦྱོང་དང་གསོ་སྦྱོང་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྲོལ་ཡིག་གི་གཞི་རྩའི་དགོངས་དང་ནང་དོན་གཙོ་བོ། བྱ་བའི་རེ་བ་བཅས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ཏེ་སྲོག་ཡིག་ལག་བསྟར་བྱེད་པའི་ཇུས་གཞི་བཟང་བོར་འགོད་པ་དང་། ཏང་དོན་ཡོངས་སྒྲོག་བྱ་བའི་དཀར་ཆག་གཏན་འཁེལ་བྱས་ནས། གཟེར་འདེབས་སྙིང་སྟོབས་སྤྱད་དེ་བྱ་བ་དེ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། །