ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་དམངས་འཚོའི་འཚོ་བའི་ཚོགས་འདུ་འཚོགས་པ།
རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 12-28
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་སྤྱི་ཟླ་བཅུ་གཉིས་པའི་ཚེས་25ཉིན་ནས་26ཉིན་བར་དམངས་འཚོའི་འཚོ་བའི་ཚོགས་འདུ་འཚོགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་དང་གོ་བ་ལོན་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་བཅས་ཀྱིས་བརྗོད་དོན་གཙོ་བོ་བྱེད་པ་དང་། གཙོ་གནད་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག་ཅེས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་དོན་ཚན་ཞེས་པ་དང་ལྟ་བསྡུར་བྱེད་པ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་འབྲེལ་གཏུག་བྱེད་པ། སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱེད་པའི་དོན་དངོས་ལ་འབྲེལ་གཏུག་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་ཇུས་བཀོད་སྒྲིག་དམ་འཛིན་ནན་པོ་བྱེད་པའི་དོན་དངོས་ལ་འབྲེལ་གཏུག་བྱེད་པ། རང་ངོས་ཞིབ་བཤེར་དང་། ཏང་གཤིས་ལ་དབྱེ་ཞིབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་དགོས་ཞེས་བསྟན།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་།
ཚོགས་འདུ་མ་འཚོག་གོང་། འབྲེལ་ཡོད་ཕྱོགས་ནས་གྲ་སྒྲིག་གནང་བ། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ནས་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་སྙིང་གཏམ་གླེང་གནང་བ་དང་། བརྗོད་དོན་གཙོ་བོར་གཞིགས་ཏེ་ཞིབ་བཤེར་དང་གསུང་བཤད་ཡིག་ཆ་བྲིས་གནང་ཡོད། ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་རེ་རེ་ནས་གསུང་བཤད་གནང་བ་དང་བླང་བྱ་གཞིར་བཟུང་ལྟ་སྡུར་ཞིབ་བཤེར་གནང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་རྣམ་པའི་གསུང་བཤད་ཀྱི་ངོས་འཛིན་གཏིང་ཟབ་པ་དང་། མྱོང་ཚོར་བདེན་པ་བདེན་ཐུབ་ཡིན་པ། ཞིབ་བཤེར་ནན་པ། དགོངས་འཆར་སྦེད་གསང་མེད་པ། བསམ་བློ་གཅིག་གྱུར་དང་། ཁ་ཕྱོགས་གསལ་སྟོན། སྟོབས་ཤུགས་གཅིག་སྡུད་བཅས་ཀྱི་དམིགས་ཡུལ་འགྲུབ་ཡོད་ཅིང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གོང་བུ་འགྲིལ་ཤུགས་དང་། དམག་འཐབ་ནུས་པ། ལྟེ་བར་ཕྱོགས་ཤུགས་བཅས་ཤུགས་ཆེར་ཕྱིན་ཡོད་པ་རེད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པའི་གསུང་བཤད་ཀྱིས་གཙོ་གནད་བཞི་ཁོང་དུ་ཆུད་པ་དང་མངོན་པ་བྱས་ཡོད་པ་སྟེ། གཅིག་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་དེ་སློབ་སྦྱོང་ལག་བསྟར་བྱས་ཚུལ་ཡིན་པ་དང་། ཤེས་པ་དང་བྱང་ཆུབ་པ། ལག་ལེན་ཐོག་འཁྱོལ་བ་བྱེད་པ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲད་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱས་པ། ལས་དོན་ལ་སྐུལ་འདེད་བཏང་བ། གཉིས་ནི། ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྣེ་ཁྲིད་དེ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ཚུལ་ཡིན་པ་དང་། ཏང་ལ་བློ་དཀར་སེམས་དཀར་དང་། ཁ་གསལ་གཏིང་གསལ་ཡིན་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་དང་དོད་བྱས་པ། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་གནང་བ། གསུམ་ནི། སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ཞིབ་ཕྲའི་དོན་ཚན་ལ་བརྩི་སྲུང་ཞུས་པ་དང་ལག་ལེན་བསྟར་བའི་གནས་ཚུལ་ཡིན་པ་དང་། བརྟག་དཔྱད་ཞིབ་འཇུག་དང་། གྲོས་ཚོགས་དང་བྱེད་སྒོ་མདོ་བསྡུས་སུ་བཏང་བ། ཡིག་ཆ་དང་སྙན་ཞུ་སྟབས་བདེ་རུ་བཏང་བ། འཚམས་འདྲིའི་བྱེད་སྒོ་ཚད་ལྡན་བཟོས་པ། གསར་འགྱུར་འགོད་སྤེལ་ལེགས་བཅོས་བྱས་པ། གྲོན་ཆུང་བསྲི་ཚགས་བྱས་པ། རང་རྟོགས་ངང་དམིགས་བསལ་དབང་ཆར་ངོ་རྒོལ་དང་དམིགས་བསལ་དབང་ཆ་མེད་པ་བཟོས་པ། བཞི་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་ཇུས་བཀོད་སྒྲིག་ཁག་སྣེ་ཁྲིད་དེ་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཡིན་པ་དང་། དངོས་དངོས་རྗེན་རྗེན་གྱི་བྱ་ཐབས་བཟུང་བ་དང་། དམ་པ་དོན་གཉེར། སྙིང་རུས་ཆེན་པོས་འབད་བརྩོན་བྱས་པ། རང་རྟོགས་ངང་ཁག་བགོས་དོ་དམ་ལས་དོན་ལ་དམ་འཛིན་ཡག་པོ་དང་ཕན་འབྲས་ཐོན་པ་བྱས་ཡོད་པ་རེད།
གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་རྣམ་པས་སྣེ་ཁྲིད་དེ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་ཁྲི་ཡིད་ལ་བརྟན་པོར་བཅངས་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ། རང་རྟོགས་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོད་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ། ཏན་ཏན་ཏིག་ཏིག་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས་ཞེས་བཏོན།
གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་འགོ་ཁྲིད་གནང་བ་དང་། ཁོང་གིས་འགོ་ཁྲིད་གནང་བའི་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་ཁྲོད་འགྱུར་བ་མེད་པའི་དད་སེམས་དང་། མི་དམངས་ཀྱི་ལངས་ཕྱོགས་ཁ་གསལ་བ། སྤྱིར་བཏང་མིན་པའི་ཆབ་སྲིད་ཀྱི་བློ་རིག ཞུམ་པ་མེད་པའི་བློ་སྟོབས་དང་རང་གཤིས། ལོ་རྒྱུས་ཀྱི་འགན་སེམས་ཆེ་བ་དང་ཚད་ལས་འདས་པའི་ཆབ་སྲིད་ཀྱི་སྒྱུ་རྩལ་བཅས་མངོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ངོས་ནས་ཏང་སེམས་ཕྱོགས་ས་དང་མི་དམངས་ཕྱོགས་ས་ཡིན། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ནས་སྣེ་ཁྲིད་དེ་འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་གདེང་ཚོད་བཞི་བརྟན་དུ་གཏོང་བ། ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཡོངས་ཀྱི་སྲོག་ཤིང་དང་། ཏང་ཀྲུང་དབྱང་གི་སྲོག་ཤིང་གནས་བབ་ཀྱི་དགོངས་པའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས་ཞེས་བསྟན།
གྲོས་ཚོགས་ཐོག ཞི་ཅིན་ཕིང་གི་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་རང་རེའི་ཏང་གི་རིག་གཞུང་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་ཡིན་པ་དང་། དེང་དུས་ཀྲུང་གོའི་མ་ཁེ་སི་རིང་ལུགས་དང་། དུས་རབས་21པའི་མ་ཁེ་སི་རིང་ལུགས་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཏང་གིས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་འཛུབ་ཁྲིད་བསམ་བློ་ཡིན་པའི་ངོས་ནས། གལ་ཆེའི་དོན་དངོས་ཀྱི་དོན་སྙིང་དང་ལོ་རྒྱུས་དོན་སྙིང་གཏིང་ཟབ་ལྡན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ནས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། ཏང་ཡོངས་ཀྱི་མ་ཁེ་སེ་རིང་ལུགས་ཆུ་ཚད་དང་ཆབ་སྲིད་རིག་གཞུང་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས་ཞེས་བསྟན་ཡོད་པ་དང་།
ཞི་ཅིན་ཕིང་གིས་གསུངས་བཤད་ནང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་ལྟ་བསྡུར་ཞིབ་བཤེར་གྱི་གཏམ་བཤད་ཐད་ཕྱོགས་བསྡོམས་གནང་ཡོད་པ་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཏན་འབེབས་དང་ལག་བསྟར་གྱི་ཞིབ་ཕྲའི་དོན་ཚན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་བླང་བྱ་བཏོན།
ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་དང་རྒྱལ་ཁབ་བྱ་བཞག་གི་འཕེལ་ཕྱོགས་གསན་སྟོན་བྱས་ཡོད་པ་དང་། བཀོད་ཇུས་ཡག་པོ་དང་འཆར་འགོད་ཡག་པོ་བྱས་ཡོད། དེའི་འགག་རྩ་ནི་དོན་འཁྱོལ་བྱ་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལག་བསྟར་དོན་འཁྱོལ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་མཚམས་ཞིག་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་ཀའི་བརྗོད་བྱ་གཙོ་བོ་ཡིན་ལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་ལས་འགན་གཙོ་བོའང་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར། རང་ཉིད་ནས་འགོ་འཛུགས་པ་དང་། འགན་འཁྲི་བཟོ་བ། ལས་དོན་གྲུབ་པ་བཅས་བྱས་ཏེ། སློབ་སྦྱང་དང་བེད་སྤྱོད་ཟུང་འབྲེལ་དང་། ཤེས་རྟོག་དང་བྱ་སྤྱོད་གཅིག་བསྡུས་བྱེད་དགོས། དོན་འཁྱོལ་བྱེད་པར་ཕྱི་ཚུལ་འདྲ་ཆགས་བྱེད་མི་རུང་བ་དང་། འབོད་ཚིགས་སྒྲོག་པ་ལས་བྱ་སྤྱོད་མི་སྤེལ་བ་བྱེད་མི་རུང་བ། ཚོགས་འདུ་ཁོ་ན་ཚོགས་པ་དང་། ཡིག་ཆ་སྤེལ་བ་ཙམ་གྱིས་མི་འགྲིག་པར། ངེས་པར་དུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་བྱེད་པ་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་དང་བསམ་བློའི་ལངས་ཕྱོགས། མང་ཚོགས་ལམ་ཕྱོགས་བཅས་ཀྱི་རྩ་བའི་བླང་བྱ་ཡིན་ལ། འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་དང་ཆབ་སྲིད་གྲུབ་འབྲས་ལྟ་བར་བརྡར་ཤ་གཅོད་པའི་གལ་ཆེའི་མཚོན་རྟགས་ཤིག་ཡིན། དངོས་སུ་དམ་འཛིན་བྱེད་པ་དང་། དམ་འཛིན་བྱེད་ཕོད་པ། དམ་འཛིན་ཡག་པོ་བྱེད་པ། རྒྱུན་དུ་དམ་འཛིན་བྱེད་པ་བཅས་བྱས་ཏེ། བྱས་རྗེས་ལྡན་པའི་ངང་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། རང་ཉིད་ཀྱི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ལས་འགན་གསལ་པོ་བཟོ་བ་དང་། མངོན་གསལ་དོད་པའི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ལ་དམ་འཛིན་བྱེད་པ། གལ་ཆེ་ཆུང་དང་ཛ་དྲག་ཆུང་གསལ་པོ་བཟོ་བ། སྲིད་ཇུས་ཆ་སྒྲིག་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་འགག་གཏོར་ལ་ཤུགས་སྣོན་རྒྱག་པ། དོན་འཁྱོལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དམིགས་འབེན་ལས་འགན་ཁག་དུས་བཀག་ལྟར་སྤུས་ཚད་ལྡན་པའི་ངང་ལེགས་གྲུབ་ཐུབ་རྒྱུའི་འགན་ལེན་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུར། འགོ་ཁྲིད་དང་པོ་ནི་འགག་རྩ་ཡིན་པས། འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་། འགན་འཁྲི་ལྗི་ཤོས་དེ་འཁུར་ཕོད་པ། དཀའ་གནད་ཆེ་ཤོས་སེལ་ཕོད་པ། ལས་དོན་གལ་ཆེ་ཤོས་དེ་དང་ལེན་ཐུབ་པ་བཅས་བྱས་ཏེ། ཁ་བགོས་དོ་དམ་བྱེད་པའི་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་། ཕན་འབྲས་ཐོན་པ་བྱ་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་རྒྱག་པར། ཐོག་མར་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་སྒྱུར་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་དགོས། ཏང་ཡོངས་ཀྱིས་གང་གསུངས་ཅི་སྒྲུབ་འགན་ལེན་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་ལ། རྒྱལ་ཡོངས་མི་རིགས་ཁག་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཀྱང་ཡིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་དེའི་ཐད་ཤེས་རྟོག་གསལ་པོ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་སྒྱུར་འགོ་ཁྲིད་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཁ་གསལ་གྱི་ཆབ་སྲིད་རྩ་དོན་དང་རྩ་བའི་ཆབ་སྲིད་བླང་བྱར་བརྩིས་ནས། བསམ་བློའི་ཐད་ཚད་མཐོའི་ངོས་འཛིན་བྱེད་པ་དང་། ཆབ་སྲིད་ཐད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྩ་འཛུགས་ཐད་རང་འགུལ་ངང་བརྩི་སྲུང་ཞུ་བ། བྱ་སྤྱོད་ཐད་རྗེས་སུ་དམ་པོར་འབྲངས་བ་བཅས་བྱས་ཏེ། ཆབ་སྲིད་ལངས་ཕྱོགས་དང་། ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་འགྲོ་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་སྒྱུར་རྒྱུན་འཁྱོངས་བྱེད་པ་དང་། རང་འགུལ་ངང་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོབ་བྱེད་དགོས། དེ་ནི་ཚང་མའི་ཏང་གཤིས་ལ་ཚོད་བགམ་བྱེད་པ་ཞིག་ཡིན་ལ། རྩ་བའི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ཞིག་ཀྱང་ཡིན་ཞེས་བསྟན།
ཞི་ཅིན་ཕིང་གིས་སྤྱོད་ཚུལ་ངན་པ་བཞི་ཡི་གནད་དོན་ལ་ཀླད་མཁྲེགས་རང་བཞིན་དང་བསྐྱར་སློག་རང་བཞིན་ལྡན་ཡོད། སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་བྱ་རྒྱུ་མཚམས་འཇོག་བྱ་མི་རུང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་ནི་ནམ་ཡང་ལམ་དུ་ཡོད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་ང་ཚོའི་ཏང་གི་ངོ་བོ་དང་། དམིགས་ཡུལ། སྤྱོད་ཚུལ་བཟང་པོ་བཅས་དང་གཏན་ནས་མཐུན་ཐབས་མེད། སྤྱོད་ཚུལ་ངན་པ་དེ་དག་ནི་ང་ཚོའི་ཏང་གི་དགྲ་བོ་ཆེན་པོ་དང་། མི་དམངས་ཀྱི་དགྲ་བོ་ཆེན་པོ་ཞིག་ཡིན། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་རྣམས་ཀྱིས་ངེས་པར་དུ་ཡང་དག་པའི་སྲིད་འཛིན་གྲུབ་འབྲས་ཀྱི་ལྟ་བ་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་གཞུང་དྲང་བ་ཞིག་དང་། སྐད་ཆ་དྲང་པོ་བཤད་མཁན་ཞིག བྱ་བ་དངོས་སྒྲུབ་མཁན་ཞིག་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ལ་རང་རྟོགས་ཀྱིས་ངོ་རྒོལ་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་ནས་ཕྱི་ཚུལ་རིང་ལུགས་སྤེལ་མི་རུང་བ་དང་། དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས་པ་མ་ཟད་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་མཚོན་ཚུལ་སྣ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། གནད་དོན་མངོན་གསལ་དོད་པོར་དམིགས་ནས། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་སྣ་མང་རང་བཞིན་དང་གཞན་འགྱུར་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་དུས་སྐབས་མི་འདྲ་བ་དང་། ས་ཁུལ་མི་འདྲ་བ། སྡེ་ཁག་མི་འདྲ་བ་བཅས་ཀྱི་མངོན་ཚུལ་མི་འདྲ་བ་མཐིལ་རྟོགས་བྱེད་པ། དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ན། གནད་དོན་རྙིང་པ་ཐག་གཅོད་བྱེད་ཐུབ་ལ། གནད་དོན་གསར་པ་ཡང་ཤེས་རྟོགས་ཐུབ་པ་དང་། མངོན་གསལ་ཆེ་བའི་གནད་དོན་ཐག་གཅོད་ཐུབ་ལ། མངོན་མེད་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ། ངོས་སུ་ཡོད་པའི་གནད་དོན་ཐག་གཅོད་ཐུབ་ལ། གཏིང་ཟབ་པའི་གནད་དོན་ཡང་ཐག་གཅོད་ཐུབ་ནས། དམ་འཛིན་བྱ་རྒྱུ་དེ་གོམས་གཤིས་སུ་ཆགས་པ་དང་། ཕུགས་ཀྱི་ཕན་འབྲས་ཐོན་ཐུབ་པ་བྱ་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་རྒྱ་ཆེར་སྤེལ་དགོས་པ་དང་། ཏང་ཡོངས་ཀྱིས་བྱ་བ་དངོས་སུ་སྒྲུབ་པ་དང་། སྟོང་གཏམ་བཤད་རྒྱུ་སྤང་བ། གནད་འཕིགས་ཤུགས་འདོན་བཅས་ལ་བརྩི་མཐོང་བྱ་རྒྱུ་དར་སྤེལ་གཏོང་བར་སྐུལ་འདེད་བཏང་ནས། བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་གསུམ་གྱི་ལས་འགན་སྣ་ཚོགས་དོན་འཁྱོལ་བྱེད་ཐུབ་པའི་ཐོག་ནས། མང་ཚོགས་ལ་ཕན་ཐོགས་ཡོད་པའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་དེ་གཞི་རིམ་དུ་རྩ་བ་ཚུགས་པར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ཚོས་མི་དམངས་དགེ་རྒན་དུ་བསྟེན་པ་དང་། མི་དམངས་ལ་སློབ་སྦྱོང་བྱེད་པ། དཔོན་ཉམས་མི་སྟོན་པ། མང་ཚོགས་དང་ཐག་ཉེ་པོ་བྱེད་པ། གནས་ཚུལ་ཤེས་རྟོགས་བྱེད་པ། གཞི་རིམ་དུ་བསྐྱོད་ཐུབ་པ་མ་ཟད། ཡང་སྒོས་སུ་སེམས་པ་གཞི་རིམ་ལ་ཕྱོགས་དགོས་པ་དང་། མང་ཚོགས་ལ་དགོས་འཁོ་ཆེས་ཆེ་བ་དང་། སེམས་ཁྲལ་ཆེས་ཆེ་བའི་གནད་དོན་དམ་བཟུང་བྱས་ཏེ། མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པ་དང་། ཆེས་ཐད་ཀར་ཡིན་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། གནས་ཚུལ་དངོས་རྟོག་དང་། བྱེད་ཐབས་ནུས་ལྡན་སྤྱོད་པ། ལས་དོན་དངོས་སུ་སྒྲུབ་པ། ཕན་ནུས་དངོས་སུ་ཐོན་པ་བཅས་ཀྱི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ཚོས་རང་དཔེ་གཞན་སྟོན་ཐོག་ནས། རིམ་པ་ཁག་གི་ལས་བྱེད་པ་སྐུལ་སློང་བྱེད་པ་དང་། གཞི་རིམ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ཏང་ཡོངས་ཀྱི་དར་སྲོལ་ཞིག་ཏུ་འགྱུར་བ་བྱ་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོ་ངེས་དགོས། དང་ཐོག་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ནས་འགོ་བཙུགས་ཏེ་བསྒྲུབ་དགོས་པ་དང་། གོ་གནས་ཇི་ཙམ་མཐོ་ན་དེ་བས་མི་དམངས་ལ་ལྷག་བསམ་རྣམ་དག་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས། བཅའ་ཁྲིམས་ལ་བརྩི་སྲུང་དང་། སྒྲིག་སྲོལ་ལ་བརྩི་སྲུང་། རང་རྟོགས་རང་གཅུན། སྤྱོད་གཙང་རང་གཅུན་བྱེད་པ་བཅས་ཀྱི་ཐད་ནས་མིག་དཔེ་བཏོན་ཚེ། ད་གཟོད་གཞི་ནས་ཕྲག་ཐོག་གི་ལས་འགན་ལྗིད་པོ་འཁུར་ཐུབ། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ཚང་མས་ལོ་རྒྱུས་རྟོགས་ཤིང་གནས་ལུགས་ཤེས་པ་བྱས་ཏེ། གཞུང་སྒེར་གཉིས་གོ་མི་ལོག་པ། བདེན་རྫུན་ཕྱིན་ཅི་མི་ལོག་པ། འོས་འགན་དང་ཁེ་ཕན་རབ་རིབ་བཟོ་མི་རུང་བ། དགའ་ཉེ་རྣམས་བག་གཡེང་བྱེད་དུ་འཇུག་མི་རུང་བ། སྤྱོད་གཙང་རང་འདོམས་ཀྱི་མིག་དཔེ་བཟང་པོའི་སྣེ་ཁྲིད་པ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ཏང་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། ལྷག་བསམ་རྣམ་དག་གི་ཐོག་ནས། རིན་ཐང་ལྟ་བ་བརྟན་པོ་འཛུགས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་སྲུང་བྱ་དགོས། ཆབ་སྲིད་ཐོག་སྲ་བརྟན་འགྱུར་མེད་དང་། ཀུན་སྤྱོད་བཟང་པོ་ཡོང་བ་བྱས་ཏེ། རུལ་སུངས་མི་འདོད་པའི་བསམ་བློའི་ཆུ་རགས་འཛུགས་དགོས་པ་དང་། མི་གཙང་མ་ཞིག་བྱེད་པ་དང་བྱ་བ་གཙང་མ་སྒྲུབ་དགོས། ཁྱིམ་མི་བུ་ཕྲུག་དང་ཉེ་འགྲམ་གྱི་ལས་དོན་མི་སྣ་དོ་དམ་ཡག་པོ་བྱས་ཏེ། དམིགས་བསལ་དབང་ཆ་འཛིན་པའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཁྱིམ་སྲོལ་བཟང་པོ་འཛུགས་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དུས་བབ་སྤྱི་ཡོངས་ནས་བཤད་ན་ཡག་པོ་ཡོད། འོན་ཀྱང་ང་ཚོར་མདུན་སྐྱོད་ཀྱི་ལམ་བུའི་ཐོག་འཕྲད་པའི་དཀའ་ངལ་དང་ཉེན་ཁ་མི་ཉུང་བ་ཞིག་ཡོད། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། ང་ཚོར་ཐུག་པའི་འགལ་ཟླ་དང་གནད་དོན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། འཕེལ་རྒྱས་ཀྱི་དུས་རིམ་དང་འཕེལ་རྒྱས་ཀྱི་ལས་འགན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལས་ཀ་བྱ་ཡུལ་དང་ལས་ཀའི་ཆ་རྐྱེན་ལ་འགྱུར་བ་གཏིང་ཟབ་བྱུང་བས། ང་ཚོའི་ཏང་གིས་ཡུན་རིང་སྲིད་འཛིན་གྱི་ནུས་པ་དང་འགོ་ཁྲིད་བྱེད་པའི་ཆུ་ཚད་ཀྱི་བླང་བྱར་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ཚོས་སེམས་ཁྲལ་གྱི་འདུ་ཤེས་དང་། བདེ་སྡོད་ཉེན་བསམ་བྱེད་ཤུགས་ཆེ་རུ་བཏང་ནས། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་ནམ་ཡང་གྲ་སྒྲིག་བྱེད་པ་བཅས་ཀྱི་བསམ་བློ་ཇེ་ཆེར་གཏོང་བ་དང་། ཉེན་ཁ་རྟོགས་ཤིང་བདེ་བ་འཚོལ་ཐབས་བྱེད་པ་དང་། ལས་འགན་འཁུར་བ། འགན་འཁྲི་འཁུར་ཕོད་པ། མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པ། ནུས་ལྡན་ངང་ཉེན་ཁ་སྣ་ཚོགས་ལ་དོགས་ཟོན་དང་དེ་སེལ་ཐབས་བྱ་དགོས་ཞེས་ནན་གྱིས་བསྟན།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1