དར་གོས་ལམ་བུ་དཔལ་འབྱོར་ཁུལ་གྱི་རྒྱལ་སྤྱིའི་གླེང་སྟེགས་སྐབས་དང་པོ་དེ་ཁ་ཧྲིར་གཉེར་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-30


        ཤིན་ཅང་ཁ་ཧྲིའི་དར་གོས་ལམ་བུ་དཔལ་འབྱོར་ཁུལ་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་རྒྱལ་སྤྱིའི་གྲོང་ཁྱེར་གྱི་སྤུས་རྟགས་གཟུགས་བརྙན་གཏོད་ཆེད།ཚོང་དོན་པུའི་མ་འཇོག་སྐུལ་སྤེལ་ལས་དོན་ཅུས་དང་།    《གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར》ཁང་།ཁ་ཧྲི་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཅས་ཀྱིས་གཙོ་གཉེར་བྱས་པའི་དར་གོས་ལམ་བུ་དཔལ་འབྱོར་ཁུལ་གྱི་རྒྱལ་སྤྱིའི་གླེང་སྟེགས་སྐབས་དང་པོ་དང་གོ་ལ་ཧྲིལ་པོའི་ཁེ་ལས་ཀྱི་གཙོ་བདག་ནུབ་རྒྱུད་གྲལ་སྒོར་ཚོགས་འདུ་དེ་ཚེས་27ཉིན་ཁ་ཧྲེར་འཚོགས་པ་རེད།
        ཚོགས་འདུའི་ཐོག་ཨེ་ཤེ་ཡ་དབུས་རྒྱུད་ས་ཁུལ་གྱི་ས་ཁོངས་མཉམ་ལས་ལ་དམ་འཛིན་གྱིས་དར་གོས་ལམ་བུ་དཔལ་འབྱོར་ཁུལ་ལམ་རྒྱུད་ཀྱི་དངུལ་རྩའི་མཉམ་ལས་དང་།    དར་གོས་ལམ་བུ་ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས།  བར་སྣང་དར་གོས་ལམ་བུ་འཁོར་རྒྱུག་ལྟེ་གནས་བསྐྲུན་པ།     བཟོ་སྐྲུན་ལས་རིགས་ཀྱི་གསོན་ཤུགས་གསར་པ་འཕེལ་བ།གསར་དར་ཐོན་ལས་འཕེལ་རྒྱས་དང་ནུས་རྒྱུ་གསར་པ་གསར་སྤེལ་བཅས་ལས་རིགས་ཆེན་པོ་ལྔར་གཙོ་གནད་དུ་དོ་ཁུར་བྱས་པ་རེད།
       ད་ཐེངས་ཀྱི་གླེང་སྟེགས་ནང་དར་གོས་ལམ་བུ་དཔལ་འབྱོར་ཁུལ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཀྱི་འཐུས་མི་དང་།    ནུའོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་ཐུའོ་མ་སི་ས་ཅིན་ཐེ་སོགས་གྲགས་ཅན་མཁས་དབང་དང་རིགས་གཅིག་མཁས་ཅན།   འཛམ་གླིང་གི་རྩེ་གྲ་500དང་ཀྲུང་གོའི་རྩེ་གྲ་500ཡི་ཁེ་ལས་ཀྱི་མཐོ་རིམ་དཔོན་རིགས་བཅུ་ལྷག་ཙམ་བཅས་ཤིན་ཅང་ལྷོ་རྒྱུད་དུ་མཉམ་འཛོམས་བྱས་ཏེ་ཁ་ཧྲིའི་འཛུགས་སྐྲུན་དང་ཐོན་ཁུངས་མཉམ་བསྡུའི་ཐད་ཐབས་དང་ཇུས་འདོན་པ་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1