ཤེས་རབ་ཀྱི་འཛུམ་མདངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-31



               ཉེ་ལམ་པེ་ཅིང་དུ་སྡོད་པའི་བོད་རིགས་སློབ་མ་འགས་རྩ་འཛུགས་བྱས་ཤིང་ཕབ་པའི་གློག་བརྙན་ཐུང་ངུ《ཤེས་རབ་ཀྱི་འཛུམ་མདངས》ཞེས་པ་ཞིག་ཕབ་སྐྲུན་དང་སྒྲིག་སྦྱོར་གྱི་བྱ་བ་ཡོངས་སུ་འགྲུབ་ནས་མི་རིང་བར་ལྟད་མོ་བའི་སྤྱན་ལམ་དུ་བཀྲམ་ཐུབ་ལ་ཉེ་བ་རེད།

བརྙན་ཐུང་དེ་རུ་གཞི་རིམ་གྱི་དགེ་རྒན་ཕལ་བ་ཤེས་རབ་ཟེར་བ་ཞིག་ཉིན་གུང་གཉིད་དུ་ཡུར་རྗེས་སུའང་སེམས་ནས་སློབ་མ་ཚོ་འདོར་མ་ཐུབ་པར།ད་དུང་སློབ་མ་དང་འབྲེལ་བ་ཡོད་པའི་དོན་དག་རྐྱང་རྐྱང་རྨི་ལམ་དུ་འཁོར་བའི་གཏམ་རྒྱུད་ཐུང་ངུ་ཞིག་བརྗོད་བྱར་བཟུང་ཡོད་འདུག
བརྙན་ཐུང་འདི་ཁོ་ཚོས་ཆེད་དུ་ཆེད་ལས་ཀྱི་བརྙན་ལེན་པ་དང་སྒྲ་ལེན་པ།སྒྲིག་སྦྱོར་བ་སོགས་གདན་དྲངས་ནས་བཟོས་པ་ཡིན་ལ་སྐར་མ་བཅུ་ལྷག་གི་ལྟད་མོ་ཐུང་ངུ་འདིར་དུས་ཡུན་ཟླ་ཕྱེད་ལྷག་གི་
ངལ་བ་སྤྱད་ཡོད་པས་གློག་བརྙན་ལ་མོས་པ་ཡོད་པའི་སྤུན་ཟླ་ཚོའི་དགྱེས་རྟེན་ཡོང་ངེས།
 
འཁྲབ་སྟོན་པ།
སྐལ་བཟང་སྦྱིན་པ། ཚེ་དབང་ཆོས་འཕེལ། ཏཱ་རེ་སྐྱིད། བཀྲ་ཤིས། ཡོན་ཏན་རྒྱལ་མཚན། རྡོ་རྗེ་ཚེ་བརྟན་སོགས།
ལས་ཞུགས་མི་སྣའི་མིང་ཐོ།
སྤྱིའི་ཇུས་འགོད་པ། ལྷ་མོ་ཚེ་བརྟན། དཔལ་རྩལ།
འཁྲབ་ཁྲིད་པ། དཔལ་རྩལ། ལྷ་མོ་ཚེ་བརྟན།
འཁྲབ་གཞུང་། དཔལ་རྩལ།
བརྙན་ལེན་པ། འཇམ་དབྱངས་དབང་ཕྱུག
སྒྲ་ལེན་པ། སངས་རྒྱས་སྐྱབས།
སྒྲ་སྡེབ་མཁན།སངས་རྒྱས་སྐྱབས།
དབྱངས་རྩོམ་མཁན།འཇམ་དཔལ་ཚེ་རིང་།རྡོ་རེད་སོགས།
སྒྲིག་སྦྱོར་བ། སངས་རྒྱས་སྐྱབས།
མཛེས་རིས་པ། བློ་བཟང་།
དབྱིན་ཡིག་ལ་སྒྱུར་མཁན། ཡུའུ་ཆན།
རྒྱ་ཡིག་ལ་སྒྱུར་མཁན། བཀྲ་ཤིས།
རླངས་འཁོར་ཁ་ལོ་བ། ཧུའུ་ཏུང་། ཝང་ཅན་མེན།
འགྲེམ་སྤེལ།
པེ་ཅིན་སྟག་ལོ་བ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི།
རྨ་ཆུའི་པི་ལྦང་འབྲུག་མགོ་སྒྲ་བརྙན་ལས་སྒྲུབ་ཁང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1