མིང་མེད།
འོད་མིག (མགོ་ལོག)
ལས་ཀྱིས་བསྐོས་པའི་གཙང་འགྲམ་དེར
འུ་གཉིས་ཀ་ཕན་ཚུན་གྱི་ཁ་གཏད་དུ་བསྡད་ནས
ཕན་ཚུན་ལ་མེ་བསྒོས ཕན་ཚུན་ལ་ཆུ་གཏོར
སླར་ཡང་རང་གི་གྲིབ་གཟུགས་ལ་བལྟས་ནས
མཚམས་རེར་བགད མཚམས་རེར་ངུས
ཏབ་ཅིག་ལ་བྱེ་ཐང་དུ་ལོག་ནས་ཉི་འོད་ཀྱི་ཁྲུས་ལ་རོལ་ཀྱང
སྤྲིན་པ་དུམ་གཅིག་གིས་འུ་གཉིས་ཀྱི་ཉི་འོད་གཡོགས་འགྲོ
དེ་རྗེས་ཆར་བ་ཞིག་ཤག་ཤག་བབས་ཡོང
འུ་གཉིས་ཀྱི་ལུས་སེམས་གཉིས་ཀ་ཡང་བརླན་ཡོང
འདི་ལྟར འུ་གཉིས་ཀྱི་གཙང་འགྲམ་འདི་བརྒྱུད་ནས
མཚན་མོ་མང་པོ་ཞིག་ཕར་ལ་བསྐྱལ་རྗེས
སླར་ཡང་བྱེ་ཐང་དུ་ལོག་ནས་ཉི་འོད་ལ་རོལ་དགོས
དེ་ལ་བརྩེ་དུངས་ཞེས་འབོད་དགོས་སམ
ཡང་ན་འཁོར་བ་ཞེས་འབོད་དགོས
2016.3.22ཉིན།