དར་འཛེགས་དུས་སྟོན།

ཨོ་རྒྱན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-04


    སྐུ་བླ་རི་བོའི་ལྗོངས་ཁུལ་དོ་དམ་ཅུས་དང་ཁུལ་ལུས་རྩལ་ཅུས། བཙན་ལྷ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཁྲེང་ཏུའུ་ལིང་ཕན་རི་འཛེགས་ཕྱི་རོལ་འགུལ་སྐྱོད་སློབ་གྲྭས་འགན་སྒྲུབ་བྱས་པའི་2018ལོའི་ཁའེ་ལེ་ཧྲིའི་སྐུ་བླ་རི་བོའི་དར་འཛེགས་དུས་སྟོན་དེ་2017ལོའི་ཟླ་12པའི་ཚེས་31ཉིན། བཙན་ལྷ་རྫོང་སྐུ་བླ་རི་བོའི་ཧྲོང་ཆའོ་ལྗོངས་ཁུལ་ནས་སྤེལ། ཐེངས་འདིའི་བྱ་འགུལ་གྱིས་འཁྱགས་རྒོལ་ཞེས་པ་རྗོད་དོན་དུ་བྱས་པས། ཨ་རི་སོགས་རྒྱལ་ཁབ་མི་འདྲ་བ་དང་རང་རྒྱལ་གྱི་ཕྱོགས་སོ་སོའི་དར་འཛེགས་ལུས་རྩལ་ལ་སྤྲོ་བ་ཡོད་མཁན་200ལྷག་འགྲན་སྡུར་དུ་ཞུགས།

    དར་འཛེགས་དུས་སྟོན་འདིར། ཐོག་མའི་དར་འཛེགས་གསོ་སྦྱོང་དང་དར་འཛེགས་ཤེས་བྱའི་འཆད་འཁྲིད། ལོ་གསར་དགོང་ཚོགས་སོགས་ཀྱི་བྱ་འགུལ་མང་བོ་སྤེལ་ཏེ། སྐུ་བླ་རི་བོའི་ཁྱད་མཚར་བའི་འཁྱགས་དར་གྱི་ལེགས་ཆ་ཕྱིར་མངོན་པ་དང་། དེ་དང་མཉམ་དུ་འཚོ་བར་དང་དོད་དང་རང་བྱུང་ཁམས་ཆེན་པོར་བརྩེ་བས་ཕྱུག་པ། ལྷག་པར་རི་ཁུལ་ཕྱི་རོལ་འགུལ་སྐྱོད་ལ་དགའ་བའི་གྲོགས་པོ་གང་མང་ཞིག་ལ་དར་འཛེགས་ཀྱི་ཉམས་མྱོང་དང་སློབ་སྦྱོང་སོགས་ཀྱི་གོ་སྐབས་ལེགས་པོ་ཞིག་བསྐྲུན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1