སི་ཁྲོན་ཞིང་ཆེན་གྱིས་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཇེ་མཐོར་བཏང་བ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-09


        ཉེ་ཆར། གསར་འགོད་པས་ཞིང་ཆེན་མིང་སྲིད་ཐིང་ནས་གནས་ཚུལ་ལ་རྒྱུས་ལོན་པ་ལྟར་ན། ཟླ་དང་པོའི་ཚེས་དང་པོ་ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་ལ་འཚོ་བའི་ཁ་གསབ་མ་དངུལ་སྤྲོད་པའི་ཚད་ཐིག་དེ་ 2017ལོའི་ཟླ་རེར་མི་རེར་སྒོར་70ནས་མི་རེར་ཟླ་རེར་སྒོར་80རུ་ཇེ་མཐོར་བཏང་བ་དང་། མིག་སྔར། ཞིང་ཆེན་ནོར་སྲིད་ཀྱིས་2018ལོར་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་གྱི་མིར་འཚོ་བའི་ཁ་གསབ་མ་དངུལ་གྱི་འགྲོ་གྲོན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་སྔོན་དུ་སྤྲད་དེ། ས་གནས་སོ་སོའི་དཔྱིད་གསར་དུས་ཆེན་གྱི་སྔོན་དུ་དུས་ཚིགས་དང་པོའི་འཚོ་བའི་ཁ་གསབ་མ་དངུལ་འཚོ་བར་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་གྱི་མིའི་ལག་དུ་སྤྲོད་དགོས་པའི་བླང་བྱ་བཏོན་པ་རེད། 
      2016ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་གྱི་མིའི་འཚོ་བར་ཁ་གསབ་སྤྲོད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་རབ་གཉིས་པའི་དཔང་ཡིག་ཡོད་པའི་སི་ཁྲོན་ཞིང་ཆེན་གྱི་ཐེམ་ཐོ་ཡིན་པའི་མ་མཐའི་འཚོ་བའི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ལ། 2016ལོར་མི་རེར་ཟླ་རེར་སྒོར་60ཡི་ཚད་གཞི་བྱས་ནས་འཚོ་བའི་ཁ་གསབ་མ་དངུལ་སྤྲད་པ་དང་། 2017ལོ་ནས་2020ལོའི་བར་དུ་ལོ་རེར་སྒོར་10ཡི་ཇེ་མཐོར་བཏང་ནས་2020ལོར་སླེབས་པ་ན། ཁ་གསབ་མ་དངུལ་དེ་མི་རེར་ཟླ་རེར་སྒོར་100ཡིན་པ་རེད། དེ་མིན་ཁ་གསབ་མ་དངུལ་ནི་ཞིང་ཆེན་དང་གྲོང་ཁྱེར་དབང་ཆ་རྒྱ་བསྐྱེད་ཀྱི་རྫོང་བཅས་ཀྱིས་འགན་ཁུརལ་རྒྱུ་དང་། ཞིང་ཆེན་ནོར་སྲིད་ཀྱིས་སྤྱིའི་ཁ་གསབ་ཀྱི་བརྒྱ་ཆ་35ཡི་ཁ་གསབ་ཆུ་ཚད་ལྟར་གྲོང་ཁྱེར་དང་རྫོང་ལ་ཁ་གསབ་སྤྲོད་རྒྱུ་རེད།
        ཞིང་ཆེན་མིང་སྲིད་ཐིང་གིས་སྲིད་ཇུས་ལམ་ལུགས་གསར་གཏོད་བྱེད་པར་བསྔགས་སྐུལ་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་ས་གནས་རང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། འཚོ་བར་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་གྱི་མིའི་འཚོ་བའི་ཁ་གསབ་མ་དངུལ་འཕར་སྣོན་གཏོང་བའི་ནང་རྐྱེན་བཙུགས་ནས། འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་པའི་ཁ་གཏད་ཡུལ་དེ་མ་མཐའི་འཚོ་བའི་འགན་སྲུང་སོགས་འཚོ་བར་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་གྱི་མང་ཚོགས་རུ་རྒྱ་བསྐྱེད་བཏང་སྟེ། གོམ་གང་མདུན་སྤོས་ཀྱི་སྒོ་ནས་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་གྱི་མིའི་འཚོ་བར་འགན་ལེན་བྱེད་པའི་ནུས་པར་ཤུགས་སྣོན་བྱ་རྒྱུར་བསྔགས་སྐུལ་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1