༄༅།། ལག་ཁྱེར་ཁ་པར་ནང་ཆུ་སོང་ན་ཇི་ལྟར་བྱ་དགོས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-09
ལག་ཁྱེར་ཁ་པར་གྱི་ཁ་དབྱེ་བའམ་རྒྱག་མི་རུང་།
ལག་ཁྱེར་ཁ་པར་ནང་ཆུ་སོང་ན་མཐེབ་གཞོང་གང་ཞིག་ལ་མནན་ཀྱང་གློག་རྒྱུན་ཆད་ངེས།
ཁ་པར་གཡུག་མི་ཉན།
ལག་ཁྱེར་ཁ་པར་ཤུགས་ཆེན་པོས་གཡུགས་ན་ནང་གི་ཆུ་ཕུད་མི་ཐུབ་པར་མ་ཟད། ད་དུང་ལྷུ་ལག་ནང་དུ་ཆུ་བཞུར་ངེས།
ཁ་པར་ཚ་པོར་བཟོ་མི་རུང་།
ཁ་པར་ཚ་པོར་བཟོས་ན་ལག་ཁྱེར་ཁ་པར་ནང་གི་ལྷུ་ལག་བསྲེག་སླ།
ལག་ཁྱེར་ཁ་པར་ཆུ་ནང་དུ་ལྷུང་ཚེ་མྱུར་དུ་ལེན་དགོས་ཤིང་། དུས་ཚོད་ཅི་ཙམ་འགོར་ན་ཆག་ཉེན་དེ་ཙམ་ཆེ།
གློག་སྨན་དང་བྱང་བུSIM། འཇུག་བྱངSDབཅས་མྱུར་དུ་ལེན་པ་དང་། དེ་དག་ལེན་དུས་ཁ་པར་ནང་ཆུ་སྔར་ལས་མང་པོ་འགྲོ་བར་མཉམ་འཇོག་བྱེད་དགོས།
ཤོག་གུ་དང་རླུང་འཐེན་རྡུལ་ལེན་འཕྲུལ་ཆས་སོགས་ཡོ་བྱད་ལས་ལག་ཁྱེར་ཁ་པར་གྱི་སྲུབས་བར་གྱི་ཆུ་ལེན་ཐབས་བྱེད་པ་དང་། ཁ་པར་སྤོ་སྒུལ་བྱེད་མི་རུང་ལ། རྡུལ་ལེན་འཕྲུལ་ཆས་ཀྱིས་སྲུབས་བར་གྱི་ཆུ་ལེན་དགོས།
རླུང་འབུད་འཕྲུལ་ཆས་སོགས་ཡོ་བྱད་བཀོལ་ནས་བར་ཐག་ཅུང་ཙམ་ཡོད་པའི་སྒོས་ཁ་པར་གྱི་སྲུབས་ཀ་མང་ས་སྟེ་གློག་སྨན་འཇོག་ས་དང་ཉན་བྱེད་འཕྲུལ་ཆས་ཀྱི་ཁུང་བུ། ཉན་དུང་སོགས་ཀྱི་ཆུ་ཕུད་རྗེས་དུས་ཚོད24ནས48བར་རླུང་རྒྱུག་སར་བཞག་ནས་སྐམ་དུ་འཇུག་དགོས། ཁ་པར་ཉི་འོད་ཡོད་སའམ་དྲོད་རླངས་ཁར་བཞག་ཆོག
གོང་གི་ཐབས་དེ་དག་ནི་མཁོ་བསྟུན་གྱི་ཐག་གཅོད་ཐབས་ཡིན་མོད། གལ་ཏེ་ལག་ཁྱེར་ཁ་པར་ནང་དུ་ཆུ་ལྷུང་ནས་དུས་ཚོད་རིང་པོ་འགོར་ན་ཞིག་གསོ་ཁང་དུ་སྐྱེལ་དགོས། །