ཟླ1པོའི་ཚེས8ཉིན་གསར་དུ་བསྒྲིགས་པའི་དངོས་ཡོད་བརྗོད་གཞིར་བྱས་པའི་ལྷ་མོའི་གར་སྟེགས་ཟློས་གར《གཟིམ་སྤོས་ལ་བཅངས་པའི་དུང་སེམས་》ཀྱི་སྙན་ཞུའི་འཁྲབ་སྟོན་གྱི་ཡུལ་དངོས་པར་དུ་བླངས་པ།
ལོ་ངོ600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་བོའི་ལྷ་མོ་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་དངོས་ཡོད་བརྗོད་གཞི་དང་“འཕྲད་པར” ཚོར་སྣང་གི་མེ་སྟག་ག་འདྲ་ཞིག་འཆར་སྲིད་དམ་ཞེ་ན།
ཟླ1པོའི་ཚེས8ཉིན། གསར་དུ་བསྒྲིགས་པའི་ལྷ་མོའི་གར་སྟེགས་ཟློས་གར《གཟིམ་སྤོས་ལ་བཅངས་པའི་དུང་སེམས་》ནི་ལྷ་སར་གཟིགས་འབུལ་འཁྲབ་སྟོན་བྱས་པ་དང་། འཁྲབ་ཚན་ཡོངས་ནི་བོད་སྤོས་བཟོ་རྩལ་རྒྱུན་འཛིན་པ་གཉིས་དང་ཁོ་ཚོའི་བུ་ཕྲུག དེ་བཞིན“བོད་སྐྱོད་པ་མི་རབས་གཉིས་པ”ཤང་ཀྲང་ཞིག་དམིགས་ནས་སྤེལ་ཡོད་པ་དང་། གྲོང་མི་རྣམས་ཀྱིས་བོད་སྤོས་བཟོ་རྩལ་ལ་འབད་བརྩོན་བྱས་པར་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་པའི་གཏམ་རྒྱུད་བརྗོད་ཡོད།
ཟླ1པོའི་ཚེས8ཉིན་གསར་དུ་བསྒྲིགས་པའི་དངོས་ཡོད་བརྗོད་གཞིར་བྱས་པའི་ལྷ་མོའི་གར་སྟེགས་ཟློས་གར《གཟིམ་སྤོས་ལ་བཅངས་པའི་དུང་སེམས་》ཀྱི་སྙན་ཞུའི་འཁྲབ་སྟོན་གྱི་ཡུལ་དངོས་པར་དུ་བླངས་པ།
“ངས་སྔ་ཕྱི་བར་གསུམ་དུ་རྒྱུན་འཛིན་བྱེད་པ་དང་སྲོལ་རྒྱུན་དར་སྤེལ་གཏོང་བའི་རྩ་དོན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་གསར་གཏོད་འོས་འཚམ་གནང་པ་ཡིན”ཞེས་འཁྲབ་ཁྲིད་པ་བསོད་ནམས་ཆོས་སྒྲོན་གྱི་ད་ཐེངས་ཀྱི་འཁྲབ་སྟོན་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་འདུག འདི་ནི་ཁོ་མོའི་ལྷ་མོ《ཐུའུ་ལན་ཏུའོ》རྗེས་ཀྱི་ལྷ་མོའི་འཁྲབ་གཞུང་གསར་སྒྲིག་བྱེད་པའི་བགྲོད་ལམ་སྟེང་གི་ཚོད་ལྟ་གཞན་ཞིག་རེད།
ཟློས་གར་ཁྲོད། གྲོང་ཚོའི་ནང་གི་བོད་སྤོས་བཟོ་རྩལ་རྒྱུན་འཛིནཔ་གཉིས་ཀྱིས་སྲོལ་རྒྱུན་གྱི་ལག་རྩལ་ཕྱི་ལ་ཁྲིད་འདོད་མེད་པ་དང་། ཕན་ཚུན་བར་ཡང་རྩོད་རྙོག་གི་འགལ་བ་ཡོད་པ་རེད། ཁོ་ཚོའི་བུ་བུ་མོ་ཆུང་འདྲིས་མཛའ་གྲོགས་སུ་གྱུར་ཡོད་མོད།རྒན་རབས་ཀྱི་འགལ་ཟླའི་དབང་གིས་མཐུན་ལམ་དུ་འགྲོ་ཐུབ་ཀྱི་མེད་པ་དང་། ཐ་མར། “ བོད་སྐྱོད་པ་མི་རབས་གཉིས་པ” ཤང་ཀྲང་གི་སྣེ་ཁྲིད་འོག རྒྱུན་འཛིན་པ་གཉིས་ཀྱི་འགལ་བ་སེལ་བ་དང་། གྲོང་མིར་བོད་སྤོས་བཟོ་རྩལ་ཁྱབ་སྤེལ་གཏོང་པར་ཐག་བཅད་ནས་ཐུན་མོང་ཐོག་དབུལ་སྒྲོལ་ཕྱུག་འགྱུར་གྱི་བདེ་སྐྱིད་ལྡན་པའི་ལམ་བུར་ཞུགས་པ་མ་ཟད། ཁོ་ཚོའི་བུ་བུ་མོ་གཉིས་འཇིག་རྟེན་མཐུན་ལམ་དུ་ཞུགས་ནས་བརྩེ་དུང་གི་མེ་ཏོག་བཞད་པ་རེད།
ཟླ1པོའི་ཚེས8ཉིན་གསར་དུ་བསྒྲིགས་པའི་དངོས་ཡོད་བརྗོད་གཞིར་བྱས་པའི་ལྷ་མོའི་གར་སྟེགས་ཟློས་གར《གཟིམ་སྤོས་ལ་བཅངས་པའི་དུང་སེམས་》ཀྱི་སྙན་ཞུའི་འཁྲབ་སྟོན་གྱི་ཡུལ་དངོས་པར་དུ་བླངས་པ།
བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་སྟོན་པ། བོད་སྤོས་བཟོ་རྩལ་རྒྱུན་འཛིན་པའི་བུ་འཁྲབ་མཁན་བསོད་ནམས་དབང་ཕྱུག་གིས། “ ང་ཚོའི་འགུལ་སྐྱོད་བྱེད་ལུགས་ཚང་མ་སྲོལ་རྒྱུན་གྱི་ལྷ་མོ་ལས་བླངས་པ་ཡིན་ལ། གཞས་གདངས་ཡང་དེ་བཞིན་སྲོལ་རྒྱུན་དང་བསྟུན་པ་ཡིན། འདི་ལྟ་བུའི་འཁྲབ་སྟོན་གྱིས་ཀྱང་ཟློས་གར་དེའི་ནང་བྲིས་པའི་བརྩེ་དུང་ལེགས་པར་མཚོན་ཐུབ”ཅེས་བརྗོད་བྱུང་།
འཁྲབ་སྟོན་པ་ཚོས་ལུས་ལ་སྲོལ་རྒྱུན་བོད་ཆས་གྱོན་ཡོད་ཅིང་། དགའ་སྤྲོ་འཁོལ་བའི་ངང་རྔ་བརྡུངས་པ་དང་འགྲོགས་ནས་གཞས་གདངས་སྐབས་རེར་སྲ་ཞིང་མཁྲེགས་ལ་སྐབས་འགར་སྙན་འཇེབས་ཡིད་དབང་འཕྲོག ཁོ་ཚོས་གར་སྟེགས་སྟེང་གི་འགུལ་སྐྱོད་བྱེད་ལུགས་ཚང་མ་ནི་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཀྱི་འཁྲབ་སྟོན་བྱེད་སྟངས་བརྩི་སྲུང་གནང་ཡོད་པ་རེད།
“ལྷ་མོ་དང་དངོས་ཡོད་ཀྱི་དབུལ་སྒྲོལ་བརྗོད་གཞི་ཟུང་འབྲེལ་བྱས་པ་ནི་ནང་དོན་ཤིན་ཏུ་གསར་རྐྱང་ཤིག་སྟེ། ང་ཚོར་ཐུན་མོང་གི་ལྟ་སྟངས་ཤིག་ཡོད་པ་ནི་དེ་ནི་ང་ཚོས་ཉེ་འགྲམ་གྱི་དོན་དག་རེད” ཅེས་ལྟད་མོ་བ་སྤེན་སྒྲོལ་གྱིས་གསར་འགོད་པར་དེ་སྐད་བརྗོད་བྱུང་།
ཟླ1པོའི་ཚེས8ཉིན་གསར་དུ་བསྒྲིགས་པའི་དངོས་ཡོད་བརྗོད་གཞིར་བྱས་པའི་ལྷ་མོའི་གར་སྟེགས་ཟློས་གར《གཟིམ་སྤོས་ལ་བཅངས་པའི་དུང་སེམས་》ཀྱི་སྙན་ཞུའི་འཁྲབ་སྟོན་གྱི་ཡུལ་དངོས་པར་དུ་བླངས་པ།
ཆུ་ཚོད་གཉིས་ཙམ་གྱི་དུས་ཚོད་རིང་། འཁྲབ་ཁྲིད་པ་བསོད་ནམས་ཆོས་སྒྲོན་གྱིས་སྟེགས་བུའི་གཤམ་ནས་ནན་ཏན་གྱིས་འཁྲབ་སྟོན་ལ་བལྟས་འདུག་ཅིང་། “ ང་རང་ནི་འཁྲབ་སྟོན་པ་ཚོའི་དེ་རིང་གི་འཁྲབ་སྟོན་ལ་ཤིན་ཏུ་ཡིད་ཚིམ་ཡོད། ངས་བལྟས་ན། བརྗོད་བྱ་དེ་བས་མང་པོ་ལྷ་མོའི་ནང་དུ་ནང་འདྲེན་བྱས་པ་ཡིན་ན། གནའ་བོའི་ཟློས་གར་འདིའི་རང་ངོས་ཀྱི་འཕེལ་རྒྱས་ལ་ཕན་པ་ཡོད་པ་མ་ཟད། སྔར་བས་བརྒྱུད་བསྒྲགས་བྱེད་པར་ཡང་ཕན་པ་ཆེ་བར་འདོད།”
སླད་ཕྱིན། བོད་རང་སྐྱོང་ལྗོངས་ཀྱི་ལྷ་མོ་ཚོགས་པས་མུ་མཐུད་དུ་《གཟིམ་སྤོས་ལ་བཅངས་པའི་དུང་སེམས་》སྦྱོང་བརྡར་མཐོར་འདེགས་བྱས་ཏེ། དེ་ཉིད་གསར་དུ་བསྒྲིགས་པའི་དངོས་ཡོད་བརྗོད་བྱར་བྱས་པའི་གཙོ་གནད་ལྷ་མོའི་གར་སྟེགས་ཟློས་གར་དུ་བཟུང་ནས་ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུ་རེད།
2013 ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ལྷ་མོའི་འཁྲབ་གཞུང་བརྒྱད་གར་སྟེགས་ཀྱི་རྣམ་པར་སྒྱུར་བའི་རྣམ་གྲངས་སྤེལ་འགོ་ཚུགས་པ་དང་། ལོ་ངོ་དུ་མའི་རིང་དུ་ཞབས་བྲོ་ནས་གོན་ཆས། འཁྲབ་ཆས་སོགས་ཀྱི་ཐད་ཡང་བསྐྱར་གསར་སྐྲུན་གནང་པ་དང་། སྔ་ཕྱིར《པད་མ་འོད་འབར》དང《ཆོས་རྒྱལ་ནོར་བཟང》《འགྲོ་བ་བཟང་མོ》《སྣང་ས་འོད་འབུམ》སོགས་ཟློས་གར་གྱི་གར་སྟེགས་ཅན་གྱི་ལས་དོན་ལེགས་འགྲུབ་བྱུང་པ་རེད།།