རང་རེའི་ཞིང་ཆེན་གྱིས་འཛམ་གླིང་གི་རྩལ་ནུས་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་འགྲན་ཞུགས་མི་སྣར་བྱ་དགའ་སྤྲད་པ།
མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-14
ཟླ་དང་པོའི་ཚེས་9ཉིན། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་ནོར་སྲིད་ཐིང་གཉིས་ཀྱིས་ཉེ་ཆར་གསེར་གྱི་རྟགས་མར་སྒོར་ཁྲི་50དང་དངུལ་གྱི་རྟགས་མར་སྒོར་ཁྲི་30 ཕུལ་བྱུང་བྱ་དགའ་ལ་སྒོར་ཁྲི་10ཡི་ཚད་གཞི་ལྟར། སྐབས་44བའི་འཛམ་གླིང་གི་རྩལ་ནུས་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་འགྲན་ཞུགས་མི་སྣ་ཉིང་ཞན་ཧའེ་སོགས་མི་གསུམ་ལ་བྱ་དགའི་དངུལ་སྤྲད་པར་མ་ཟད། བྱ་དགའི་དངུལ་གྱི་50%དེ་རྩལ་ཁྲིད་དགེ་རྒན་ལ་གཟེངས་བསྟོད་དུ་སྤྲད་པ་རེད།
འཛམ་གླིང་གི་རྩལ་ནུས་འགྲན་སྡུར་ནི་དེང་སྐབས་འཛམ་གླིང་ཐོག་གོ་གནས་ཆེས་མཐོ་བ་དང་གཞི་རྒྱ་ཆེས་ཆེ་བ། ཤུགས་རྐྱེན་ཐེབས་ཚད་ཆེས་ཆེ་བའི་ལས་རིགས་ཀྱི་རྩལ་ནུས་འགྲན་སྡུར་ཞིག་ཡིན་ལ། འཛམ་གླིང་གི་རྩལ་ནུས་འགྲན་སྡུར་གྱི་ཨོ་ལིན་ཕིག་ཞེས་པའི་མཚན་སྙན་ཡོད་པ་རེད། 2017ལོའི་ཟླ་10བར། རང་རེའི་ཞིང་ཆེན་གྱི་འགྲན་ཞུགས་པ་གསུམ་གྱིས་ཀྲུང་གོའི་ཚབ་བྱས་ཏེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གྱི་རྒྱལ་ས་ཨ་ཀྲ་པེ་རུ་སྤེལ་བའི་སྐབས་44བའི་འཛམ་གླིང་གི་རྩལ་ནུས་འགྲན་སྡུར་གྱི་ཁྲོད་དུ་ཞུགས། ཀྲུང་གོའི་ལྕགས་རིགས་བཙོ་སྦྱངས་བྱེད་པའི་ཚོགས་པ་བཅུ་དགུ་ཡི་ཚད་ཡོད་ཀུང་སིའི་ལས་བཟོ་བ་ཉིང་ཞན་ཧའེ་ཡིས་ལྕགས་ལ་ཚ་ལ་རྒྱག་པའི་རྣམ་གྲངས་ཐད་ཀྱི་གསེར་གྱི་རྟགས་མ་བླངས་པ་དང་། སི་ཁྲོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་དབྱང་ཝུན་ཧའོ་ཡིས་རླངས་འཁོར་རྩལ་ནུས་རྣམ་གྲངས་ཐད་ཀྱི་དངུལ་གྱི་རྟགས་མ་བླངས། ཀྲུང་གོའི་ལྕགས་རིགས་བཙོ་སྦྱངས་བྱེད་པའི་ཚོགས་པ་བཅུ་དགུ་ཡི་ཚད་ཡོད་ཀུང་སིའི་ལས་བཟོ་བ་པེན་ཐའོ་ཡིས་ལྕགས་རིགས་ཨར་ལས་རྣམ་གྲངས་ཐད་ཀྱི་ཕུལ་བྱུང་བྱ་དགའ་བླངས། འདི་ནི་རང་རེའི་ཞིང་ཆེན་ལ་མཚོན་ན་འགྲན་ཞུགས་པ་རྣམས་ཀྱིས་འབྲེལ་མཐུན་ལོ་འགའི་རིང་དུ་འཛམ་གླིང་རྩལ་ནུས་འགྲན་བསྡུར་གྱི་ཐོག་ཏུ་གསེར་གྱི་རྟགས་མ་3དང་དངུལ་གྱི་རྟགས་མ་གཉིས། ཕུལ་བྱུང་བྱ་དགའ་གསུམ་བཅས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་བ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1