ཟླ་1པོའི་ཚེས་12ཉིན། ཐང་རྒྱལ་རབས་ཚུན་གྱི་བོད་རིགས་ཀྱི་རིག་དངོས་117ཀྲེ་ཅང་ཧང་ཀྲོའུ་ཞིས་ཧུའུ་མཚེའུ་འགྲམ་དུ་འགྲེམས་སྟོན་བྱས། རྒྱལ་ཁབ་ཕྱི་ནང་ཀུན་དུ་སྐད་གྲགས་ཆེ་བའི་ཐང་ག་དང་། བཞིན་ལེགས་བརྗིད་ཉམས་དོད་པའི་སྐུ་བརྙན། བཟོ་རྩལ་རྩེར་སོན་པའི་ཕྱག་མཚན་སོགས་ཀྱི་རིག་དངོས་གཅེས་ནོར་སྣ་ཚོགས་འགྲེམས་སྟོན་བྱས་པས། གངས་ལྗོངས་ཤེས་རིག་གི་གཏིང་ཟབ་པའི་ནང་དོན་དང་ལོ་རྒྱུས་ཀྱི་གྲུབ་འབྲས། ཡིད་འཕྲོག་པའི་སྒྱུ་རྩལ་གྱི་རྣམ་པ་མངོན་ཡོད།།