ད་ལོའི་དགུན་ཁར་ཟུང་ཆུ་རྫོང་དུ་གངས་ཤུད་རྩེད་ར་གསར་བ་ཞིག་བསྐྲུན་ཡོད་པ་དང་། གྲོག་རོང་ལུང་པའི་གངས་འཁྱག་རྩ་རླུང་འཕྲུལ་འཁོར་དུ་ཚད་གཞི་ལྡན་པའི་འདྲེད་ཤུད་དང་། གངས་རྩེད་རྣམ་གྲངས་མང་པོ་ཞིག་ཡོད་པས། དེས་གངས་འཁྱག་དང་གངས་ཤུད་ལ་དགའ་བའི་གྲོགས་པོ་རྣམས་ལ་མྱོང་ཚོར་གསར་བ་ཞིག་མཁོ་འདོན་བྱས་ཡོད།
གྲོག་རོང་ལུང་པའི་གངས་འཁྱག་རྩ་རླུང་འཕྲུལ་འཁོར་གྱི་གངས་ཤུད་ར་བར་འཛམ་གླིང་དུ་མིང་གྲགས་ཆེ་བའི་གངས་ཤུད་སྒྲིག་ཆས་ཆ་སྟོང་ཡོད་ལ། གངས་ཤུད་ལམ་ཚད་ལྡན་ཡིན་ཞིང་དེའི་ནང་མི་སྟོང་གཉིས་ཀྱིས་དུས་མཚུངས་སུ་དར་ཤུད་བྱས་ཆོག ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་རླངས་འཁོར་སྦག་སྦག་འཁོར་ལོ་གང་མང་ཞིག་གངས་ཤུད་སྤྲོ་གསེང་རོལ་རྩེད་རྣམ་གྲངས་ཞིག་ཏུ་གྱུར་ཡོད། གངས་ཤུད་ར་བ་རུ་ད་དུང་ཤུད་འགུལ་ཡོ་བྱད་ཆ་དྲུག་བརྒྱ་ནང་འདྲེན་བྱས་པར། རྒྱལ་ཡོངས་ཀྱི་མཐོ་སྒང་གི་གངས་ཤུད་ར་བ་རུ་གྱུར་ཡོད་ལ་ལྷག་པར་དུ་དུས་བཞིའི་སྤྲོ་གསེང་རྣམ་གྲངས་དང་ལུགས་མཐུན་ཡིན་པ་དང་། དེ་ཡང་རྒྱལ་ཡོངས་ཀྱི་སྐམ་ཤུད་ར་བ་ཆེས་ཆེ་བ་ཞིག་རེད།
སྔ་དྲོ་ཆུ་ཚོད་བཅུ་ཐོག་ཏུ་པེན་ཅེན་ནས་ཡོང་བའི་ཡུལ་སྐོར་བ་ཀའོ་ལགས་ཀྱི་ཁྱིམ་མི་ཀང་བོ་ནང་སྔ་མོ་ནས་གངས་ཤུད་ར་བ་རུ་ཐོན་ཡོད་པ་དང་། ཐེངས་འདིའི་ཟུང་ཆུའི་རོལ་རྩེད་ལས་ཁོ་ཚོ་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད།
རྒྱུས་ལོན་པ་ལྟར་ན། སྤྱི་ལོ་གསར་བ་ཚེས་པ་ནས་བཟུང་། ཟུང་ཆུ་རྫོང་གི་གྲོག་རོང་ལུང་པའི་གངས་འཁྱག་རྩ་རླུང་འཁྲུལ་འཁོར་ལས་རྒྱ་ཆེའི་ཡུལ་སྐོར་གཏན་འབེབས་གནང་བར་ཕེབས་མཁན་གྱི་གྲོགས་པོ་ཚོར་སྒོར་ལྔ་བཅུ་ནས་སྒོར་བརྒྱ་ཅན་གྱི་གོང་བདེའི་བྱང་བུ་སྟེར་རྒྱུ་ཡིན་ལ། ཐེངས་འདིའི་བྱ་འགུལ་དེ་རྒྱུན་མཐུད་ནས་2018ལོའི་ཟླ་གསུམ་པའི་བར་སྤེལ་རྒྱུ་རེད།།