ཟླ་དང་པོའི་ཚེས་16ཉིན། ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་དུ་གཉེར་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་བརྡ་ཁྱབ་ཐོག་ཏུ། ཀོང་ཏུང་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱིས་ཤོག་སྒོར་རྫུན་མ་ཉར་ཚགས་ཁང་ཞིག་དང་། ཤོག་སྒོར་བཟོ་ས་1 ཤོག་སྒོར་དུང་ཕྱུར་2.14བཅས་རྩིས་ལེན་བྱས་པ་དང་། གྱོད་དོན་འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་ད་བར་དུ་ཤོག་སྒོར་རྫུན་མ་བཟོས་པ་ཉེན་རྟོག་ཕྱོགས་ཀྱིས་རྩིས་ལེན་བྱེད་གྲངས་འབོར་ཆེས་ཤོས་ཡིན་པ་དང་། གྱོད་དོན་འདིའི་དོགས་ཡོད་ཉེས་ཅན་གཙོ་བོ་གཅིག་ཀྱང་གློད་ཤོར་མེད་པ་དང་། སྤྱི་ཚོགས་ཐོག་ཏུ་ཤོག་སྒོར་རྫུན་མ་སྒོར་རྡོག་གཅིག་ཀྱང་གཏོང་ཐུབ་མེད་པ་རེད།།