མཛོད་དགེའི་སྦག་སྦག་འཁོར་ལོའི་སྒྲོག་འགྲེལ་ཚོགས་པས་ཏང་གི་དྲོད་ཁོལ་འབྲོག་ཁྱིམ་དུ་བསྐྱལ།
རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བརྙན་འཕྲིན་ཁང་། སྤེལ་དུས། 01-18
ལོ་སྨད་འདིར་ས་བབ་མཐོ་ཚད་སྨི་3500ཡན་ལ་འཁེལ་བའི་བན་ཡུལ་ཡུལ་ཚོར་གྲང་ངར་ཤིན་ཏུ་ཆེ་ཞིང་ཁ་བས་ཡོངས་སུ་གཏམས་འདུག ཏང་གི་ཚོགས་ཆེན་བཅུ་དགུ་པ་མཇུག་བསྒྲིལ་ནས་བཟུང་། སྔར་ལས་ལེགས་ཤིང་མྱུར་བར་ཏང་གི་དམངས་ཕན་སྲིད་ཇུས་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་སྒྲོག་བྱེད་ཕྱིར། ཡུལ་ཚོ་དང་རྫོང་རིམ་པ་གཉིས་ཀྱིས་རྫོང་ཡོངས་ཀྱི་འབྲོག་ཁུལ་ཡུལ་ཚོའི་ས་ཁོངས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། དུས་ལྟར་འཁོར་རྒྱུག་བྱེད་པའི་སྦག་སྦག་འཁོར་ལོའི་སྒྲོག་འགྲེལ་ཚོགས་པ་བཙུགས།
བན་ཡུལ་ཡུལ་ཚོའི་བན་ཡུལ་སྡེ་བ་ནི་འབྲོག་སྡེ་རྐྱང་རྐྱང་ཡིན་ལ། འབྲོག་དམངས་ཀྱིས་ད་ལྟའི་བར་རྩྭ་ཆུ་དང་བསྟུན་པའི་འཚོ་བའི་རྒྱུན་བསྐྱངས་ཤིང་། ཁྱིམ་ཚང་ཁ་ཐོར་དུ་གནས་ཤིང་འགྲིམ་འགྲུལ་སྟབས་མི་བདེ་བས། འབྲོག་དམངས་རྣམས་གཅིག་ཏུ་བསྡུས་ཏེ་སྒྲོག་འགྲེལ་བྱེད་པར་དཀའ་ངལ་ཤིན་ཏུ་ཆེ། ཟླ་འགའ་ཞིག་གི་རིང་ནས་བཟུང་རྫོང་གི་བན་ཡུལ་ཡུལ་ཚོའི་རྩྭ་ཐང་དུ་སྦག་སྦག་འཁོར་ལོའི་སྒྲོག་འགྲེལ་ཚོགས་པ་གང་སར་རྒྱུ་ཞིང་། ཁོ་ཚོས་ཏང་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་ཚོགས་འདུའི་དགོངས་དོན་དང་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་གྱི་ལས་འགན་ཕྲག་ཏུ་ཁུར་ཞིང་། སྒྲོག་འགྲེལ་ཚོགས་མིས་སྦག་སྦག་འཁོར་ལོ་བཞོན་ཏེ། འབྲོག་ཁྱིམ་རེ་རེར་བསྐྱོད་ནས་ཏང་གི་དྲོད་ཁོལ་དང་འདུན་མ་ལེགས་པར་བསྐྱལ།
སྦག་སྦག་འཁོར་ལོའི་སྒྲོག་འགྲེལ་ཚོགས་པ་བན་ཡུལ་གྱི་ཕྱུགས་ར་དང་འབྲོག་ཁྱིམ་དུ་འདུར་རྒྱུག་བྱས་ཤིང་། སྒྲོག་འགྲེལ་ཚོགས་པའི་དར་ཆ་འཕྱར་བ་མིག་ཏུ་ལྷག་པར་མཛེས། སྒྲོག་འགྲེལ་ཚོགས་པ་འདིས་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་འདུན་མ་དག་བན་ཡུལ་རྩྭ་ཐང་གི་གྲུ་ག་སོ་སོར་བསྒྲགས་ཏེ། གཞི་རིམ་ཏང་གི་རྩ་འཛུགས་འཛུགས་སྐྲུན་གྱི་ལས་དོན་སོ་སོའི་ཁྲོད།ཕན་ནུས་གལ་ཆེན་བཏོན་ཏེ་སྔར་ལས་འབྲོག་དམངས་ལ་ཞབས་ཞུ་གང་ལེགས་སྒྲུབ་པ་རེད།།