སྤྱི་ཟླ་8པའི་ཚེས་3ཉིན་གྱི་ཕྱི་དྲོའི་དུས་ཚོད་16དང་སྐར་མ་30ཡས་མས་སུ། ཡུན་ནན་ཞིང་ཆེན་གྱི་ཀྲའོ་ཐུང་ས་ཁུལ་ལུའུ་ཏན་རྫོང་དུ་ཚད་རིམ་6.5ཅན་གྱི་ས་འགུལ་བྱུང་སྟེ་་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་སྐྱོན་ཚབས་ཆེན་ཐེབས།
བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་ཟླ་8་པའི་ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་7པའི་བར་དུ། ཀྲའོ་ཐུང་ས་ཁུལ་ལུའུ་ཏན་རྫོང་གི་ས་འགུལ་ཁྲོད་དུ་མི་379རྐྱེན་ལམ་དུ་ཤོར་འདུག
ས་འགུལ་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་སྐྱོབ་རྒྱུ་ལས་འགན་ཀུན་གྱི་གཙོ་བོར་འཛིན་པ་དང་། མང་ཚོགས་བཀོད་སྒྲིག་ལེགས་པོ་བྱེད་དགོས་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཐབས་བརྒྱ་ཇུས་སྟོང་གིས་རྨས་ཤོར་ཡོད་པའི་མང་ཚོགས་མྱུར་སྐྱོབ་བྱེད་དགོས་པའི་མཛུབ་སྟོན་གནང་།།