མཚོ་ངོས་མཐོ་ཚད་སྨི་3200ཡོད་པའི་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ལས་སྤོ་དཀར་ལའི་ཕུག་ལམ་གྱི་ཕྱི་རུ་གྲང་རེག་ཅི་ཙམ་རྒོད་ན་ཡང་། ནང་ལོག་ཏུ་འཛུགས་བསྐྲུན་གྱི་ལས་ལ་འབད་བཞིན་འདུག སི་ཁྲོན་ཝུན་འབར་འགྲིམ་འགྲུལ་མ་རྐང་ཀུང་སིའི་སྤྱི་གཉེར་བ་དབྱང་ཡུང་གིས་ཡིད་ཆེས་བརྟན་པོས་ཟླ་འདིའི་ཟླ་མཇུག་ཏུ་ཕུག་ལམ་གྱི་ཕྱོགས་གཉིས་ནས་ཤར་གཏོང་ཐུབ་རྒྱུ་ཡིན་པས། ཝུན་འབར་མྱུར་བགྲོད་གཞུང་ལམ་གྱི་བཀག་རྡོ་ཆེན་པོ་ཞིག་རྩ་མེད་གཏོང་བ་རེད་ཅེས་བརྗོད།
ཝུན་འབར་མྱུར་བགྲོད་གཞུང་ལམ།
ཝུན་འབར་མྱུར་བགྲོད་གཞུང་ལམ་ནི་རང་རྒྱལ་གྱི་མྱུར་བགྲོད་གཞུང་ལམ་གྱི་དྲ་བ་ལས་ཧྲེང་ཧའེ་ནས་ཁྲེང་ཏུའུ་དང་། ཁྲེང་ཏུའུ་ནས་ཆབ་མདོའི་བར་གྱི་ལམ་ཐིག་གལ་ཆེན་ཞིག་ཡིན། ཝུན་འབར་མྱུར་བགྲོད་གཞུང་ལམ་ནི། ཐའོ་ཕིང་དང་། ལིས་རྫོང་། ཀུབ་རོ་མགོ མྱག་ལོ། སྤོ་དཀར་ལ་བཅས་བརྒྱུད་དེ། སོ་མང་ཆུ་བའི་བཞུར་རྒྱུན་དང་འགྲོགས་ནས་ཅོག་ཙེ་རྒྱལ་བོའི་ལྗོངས་ཁུལ་དུ་སླེབས་ཡོད།
རང་ཞིང་གིས་འཛུགས་བསྐྲུན་བྱེད་བཞིན་པའི་བོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ་འདིར། ས་དབྱིབས་དང་ས་གཤིས། ནམ་ཟླ། འཛུགས་བསྐྲུན་གྱི་ཁོར་ཡུག་བཅས་ཧ་ཅང་རྙོག་འཛིང་ཡིན་པ་དང་། དེ་མིན་སྐྱེ་ཁམས་ཀྱི་ཆ་རྐྱེན་ཡང་ཧ་ཅང་ཞན་པ་སོགས་ཀྱི་གནད་དོན་མང་དུ་འདུག ཝུན་འབར་མྱུར་བགྲོད་གཞུང་ལམ་གྱི་རིང་ཚད་ཧྲིལ་བོར་སྤྱི་ལེ172ཡོད་པ་དང་། མཚོ་དངོས་ལས་མཐོ་ཚད་ཀྱི་བར་ཆད་སྨི་2000ལ་ཉེ་བ། ཟམ་པ་དང་ཕུག་ལམ་གྱིས་ལམ་ཧྲིལ་བོའི་བརྒྱ་ཆའི་86ཟིན་ཡོད་པ། འདི་ནི་སི་ཁྲོན་གྱི་ཆེས་མཐོ་ལ་འཛུགས་བསྐྲུན་གྱི་དཀའ་ཁག་ཆེས་ཆེ་བའི་མྱུར་བགྲོད་གཞུང་ལམ་ཞིག་ཡིན་ཏེ། རི་གཟར་དང་ཁངས་འཁྱག ཁོར་ཡུག་སྲུང་སྐྱོབ། རང་བྱུང་གི་གནོད་འཚེ་སོགས་ཕྱོགས་གང་མང་གི་གནད་དོན་ཐག་གཅོད་བྱེད་དགོས་སོ།།
ཝུན་འབར་མྱུར་བགྲོད་གཞུང་ལམ་གྱི་མཛེས་ལྗོངས།
ཝུན་འབར་མྱུར་བགྲོད་གཞུང་ལམ་གྱི་ཁུལ་དུ། རང་བྱུང་གི་མཛེས་ལྗོངས་མང་པོ་ཡོད། ཡུལ་འདི་ནི་ཐང་རྒྱལ་རབས་ཀྱི་དུས་ནས་བོད་རིགས་དང་ཆའང་རིགས། དབྱིས་རིགས། ཧའེ་རིགས་དང་རྒྱ་རིགས་སོགས་མི་རིགས་མང་བོ་འདུས་སྡོད་བྱེད་པའི་ཁུལ་ཞིག་ཡིན། གནས་འདིར་མཛེས་ལྗོངས་ཕུན་སུམ་ཚོགས་པར་མ་ཟད། མི་ཆོས་ལོ་རྒྱུས་རྒྱུན་རིང་ལ་ཡུལ་སྲོལ་གོམས་གཤིས་སོགས་རིག་གནས་གྱ་ནོམ་པ་ཡོད། ཁུལ་འདིར་གནས་པའི་རང་བྱང་གི་མཛེས་ལྗོངས་དག་ནི། ཆུ་མཆིག་གི་གནའ་གྲོང་དང་། ཡིང་ཞིའུ་ས་འགུལ་རྗེས་ཤུལ། ཝུན་ཁྲོན་གྱི་རྫོང་ཁུལ་གསར་བ་དང་། ཆའང་སྡེ། བོད་སྡེ། མྱག་ལོ་དང་ཀུབ་རོ་མགོ་སོགས་མང་དུ་ཡོད་དོ།།
ཆུ་མཆིག་གི་གནའ་གྲོང་།
གཙང་གསུམ་ལྗོངས་ཁུལ།
ཝོ་ལུང་དོམ་ཁྲའི་སྲུང་སྐྱོབ་ཁུལ།
ལའོ་པུའུ་གནའ་སྡེ།
ཐའོ་ཕིང་ཆའང་སྡེ།
པི་ཕིང་ལུང་བ།
མྱག་ལོ།
སའི་སོ་བོད་སྡེ།
ཅོག་ཙེའི་རྒྱལ་བོའི་གནའ་ཤུལ།