བཙན་ལྷ་རྫོང་གིས་གློག་རྡུལ་ཚོང་ལས་འཕེལ་རྒྱས་སུ་བཏང་པ།

ཚེ་རིང་དབང་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-24


        ཉིན་འགའི་རིང་དུ་བཙན་ལྷ་རྫོང་གིས་ཀུན་སློང་རྣམ་དག རྡོག་རྩ་གཅིག་སྒྲིལ་ཞེས་པའི་བྱ་འགུལ་སྤེལ་ཏེ་མང་ཚོགས་ཀྱི་དཀའ་ངལ་བསལ་བ་དང་། དབུལ་ཐར་འགག་སྒྲོལ་ལ་བརྩོན་ཏེ་མང་ཚོགས་དང་ལས་བྱེད་པའི་དབར་མཛའ་གཅུགས་ཀྱི་ཟམ་པ་བསྐྲུན་པ་མ་ཟད། དབུལ་ཐར་འགག་སྒྲོལ་ལས་རྒྱལ་བར་རྨང་གཞི་ལེགས་པོ་བཏིངས།
        བཙན་ལྷ་རྫོང་པ་ཅེ་ཡུལ་ཚོའི་སྲིད་གཞུང་དུ་མང་ཚོགས་ལ་དྲ་ལམ་ཚོང་ལས་ཚད་ལྡན་དང་། དྲ་ལམ་ཞབས་ཞུ་ས་ཚིགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སྐོར་གྱི་ཟབ་སྦྱོང་བྱས་པ་རེད། དགེ་རྒན་གྱིས་དྲ་ལམ་ཚོང་ལས་ཉོ་ཚོང་སྐོར་གྱི་གནད་དོན་ལ་དམར་ཁྲིད་བྱས་པ་མ་ཟད། གློག་རྡུལ་ཚོང་ལས་ཞབས་ཞུ་ས་ཚིགས་སུ་ཕེབས་ནས་མཛུབ་ཁྲིད་བྱས་པ་རེད། 
        ཐེངས་འདིའི་ཟབ་སྦྱོང་དང་དགེ་རྒན་གྱིས་རོགས་རམ་ལ་བརྟེན་ཏེ་དྲ་ལམ་ཚོང་ལས་ཞབས་ཞུ་ས་ཚིགས་ལྔ་འཛུགས་སྐྲུན་བྱས་པ་ལེགས་འགྲུབ་བྱུང་བ་དང་། དེ་དང་ཆབས་ཅིག་ཏུ་ཚད་ལྡན་མིན་པའི་ས་ཚིགས་ལ་འཛུགས་སྐྲུན་དང་ཐབས་བཀོད་ལེགས་བསྒྱུར་བྱས་པ་རེད།
        ཐེངས་འདིའི་ཟབ་སྦྱོང་ལས་སྡེ་མི་རྣམས་ཀྱི་གློག་ཀླད་ཀྱི་ཤེས་བྱ་དང་དྲ་ལམ་ཚོང་ལས་གཉེར་སྟངས་དང་། དེའི་སྐོར་གྱི་གནད་དོན་སོགས་བསལ་བ་མ་ཟད། རྒྱ་ཆེ་བའི་ཞིང་གྲོང་དྲ་ལམ་ཚོང་གཉེར་བའི་ལས་རིགས་གསར་གཏོད་ལ་སྐུལ་འདེད་བྱས་ཤིང་།  ཞིང་གྲོང་དྲ་ལམ་ཚོང་ལས་གསར་འཛུགས་དང་ཐོན་ལས་མྱུར་དུ་རིམ་འཕར་བྱས་པ་རེད།  རྒྱུས་ལོན་པ་ལྟར་ན་གཞུག་ཏུ་པ་ཅེ་ཡུལ་ཚོའི་ཞབས་ཞུ་ས་ཚིགས་ཀྱིས་མི་འགྱང་བར་ས་གནས་ཀྱི་ཁྱད་འཕགས་ཐོན་ལས་ཉོ་ཚོང་བྱ་ངེས་ཤིང་།  སྨྱན་བྱད་ཀྱི་ཚོང་གཉེར་དང་བྱ་འགུལ་སོགས་ལ་དྲ་ལམ་ཚོང་ལས་མཁོ་སྤྲོད་བྱས་ཏེ།  དམངས་ཕན་ཞབས་ཞུ་དང་། ཞིང་ལས་ཐོན་ལས་རྒྱ་བསྐྱེད་པར་རམ་འདེགས་བྱས་ནས། ཞིང་ལས་དང་ཡུལ་སྐོར་ཟུང་དུ་སྦྲེལ་ཞིང་ཡོང་འབབ་ལེགས་པའི་ཆུ་ཚད་མཐོ་བའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1