ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ།
མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-24
ཟླ་བ་དང་པོའི་ཚེས་23ཉིན་གྱི་ཕྱི་དྲོར་བསྡུ་འཚོགས་བྱས་པའི་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཁྲེང་ཏུའུ་ནས་་འཚོགས། རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་2018ལོའི་ཟླ་བ་དང་པོའི་ཚེས་24ཉིན་ནས་ཚེས་29ཉིན་གྱི་བར་ཁྲེང་ཏུའུ་ནས་བསྡུ་འཚོགས་བྱ་རྒྱུ་དང་། གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་དྲུག་ཡིན་པ་རེད། མིག་སྔར། གྲོས་ཚོགས་ཀྱི་གྲ་སྒྲིག་ལས་ཀ་ཁག་གྲ་སྒྲིག་བྱས་ཚར་བ་རེད།
སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་བ་གཞོན་པ། ཞིབ་འཇུག་ཁང་གི་ཀྲུའུ་རེན། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་གཏམ་བཤད་པ་ཏུའུ་ལན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་རིམ་གཙོ་བོ་ཁག་བརྒྱད་ཡོད་པའི་སྐོར་ངོ་སྤྲོད་བྱས་པ་རེད།
ཚོགས་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་དང་ཚོ་ཆུང་གིས་དཔྱད་བསྡུར་ཐེངས་བདུན། དམངས་གཙོ་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་མཉམ་འབྲེལ་བྱས་ནས་དཔྱད་བསྡུར་གྲོས་ཚོགས་ཐེངས་གཅིག་ལ་འཚོག་རྒྱུ་དང་། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་པས་ཨུ་ཡོན་ཚན་ཆུང་གི་འཐུས་ཚབ་པས་སྲིད་གཞུང་ལས་ཀའི་སྙན་ཞུར་ཉན་འཇོག་གནང་བའི་གྲོས་གཞི་གྲོས་ཚོགས་ཐེངས་གཅིག་ལ་འཚོག་རྒྱུ། གྲོས་གཞི་ཞིབ་བཤེར་གྲོས་ཚོགས་ཐེངས་གཉིས་ལ་འཚོག་རྒྱུ། ཞིང་ཆེན་མི་དམངས་འཐུས་ཆེན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཟུར་ཞུགས་ཐེངས་གཅིག་ལ་བྱ་རྒྱུ། ཞིང་ཆེན་མི་དམངས་འཐུས་ཆེན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཟུར་ཞུགས་ཐེངས་གཅིག་ལ་བྱ་རྒྱུ། ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཐེངས་གཉིས་དང་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་ཚོགས་རྒྱུ། ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་ཀྲུང་གུང་ཏང་ཡོན་འགོ་ཁྲིད་དང་ལས་བྱེད་པའི་གྲོས་ཚོགས་ཐེངས་ཤིག་བསྡུ་ཚོགས་བྱ་རྒྱུ་སོགས་བཀོད་སྒྲིག་བྱ་རྒྱུ་རེད། དེ་མིན་ཟླ་བ་དང་པོའི་ཚེས་24ཉིན་གྱི་སྔ་དྲོར། ཚོགས་ཆེན་ཚོགས་འགོ་མ་ཚུགས་པའི་སྔོན་ལ། ཁག་བགོས་ནས་གྲ་སྒྲིག་གྲོས་ཚོགས་དང་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ། རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་བཅས་བསྡུ་ཚོགས་བྱ་རྒྱུ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1