ཨེ་ཅིབ་རྒྱལ་ཁབ་ཏུ་ལོ་ངོ་ཁྲི་8000སྔོན་གྱི་ཁུང་འབྲུག་གི་འགྱུར་རྡོ་ས་འོག་ནས་བཏོན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-13


      ཉེ་སྔོན། ཨེ་ཅིབ་རྒྱལ་ཁབ་མན་སུར་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་མི་སྣ་ཚོས་ས་འོག་ནས་བཏོན་པའི་ལོ་ངོ་ཁྲི་8000སྔོན་གྱི་ཁུང་འབྲུག་གི་འགྱུར་རྡོ་ལ་ཞིབ་འཇུག་བྱས་པ་རེད། ཨེ་ཅིབ་རྒྱལ་ཁབ་མན་སུར་སློབ་ཆེན་གྱི་གནའ་བོའི་སྐྱེ་དངོས་རིག་པ་བའི་ཚོགས་པ་ཞིག་གིས་སྔོན་མར་ཨེ་ཅིབ་རྒྱལ་ཁབ་ཀྱི་ས་ཧ་ལ་བྱེ་ཐང་ས་ཁུལ་དུ་ཡོངས་སུ་རིགས་གསར་པ་ཡིན་པའི་ཁུང་འབྲུག་གི་འགྱུར་རྡོ་མང་པོ་ཞིག་སྔོག་འདོན་བྱས་ཤིང་། དེ་ནི་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་པོར་ཁུང་འབྲུག་གི་འགྱུར་རྡོ་ཆ་ཚང་བ་སྔོག་འདོན་ཐོག་མ་བྱས་པ་རེད། ཚོགས་པ་འདི་ཡིས་གསར་དུ་རྙེད་པའི་ཁུང་འབྲུག་གི་འགྱུར་རྡོ་འདི་ལ"མན་སུའུ་ལ་ཁུང་འབྲུག"ཅེས་མིང་བཏགས་པ་རེད། མན་སུའུ་ལ་ཁུང་འབྲུག་འདི་ནི་ལོ་ངོ་ཁྲི་8000སྔོན་དུ་འཚོ་བ་ཞིག་ཡིན་ཞིང་། ཨེ་ཅིབ་རྒྱལ་ཁབ་མན་སུར་སློབ་ཆེན་གྱི་གནའ་བོའི་སྐྱེ་དངོས་རིག་པ་བའི་ཚོགས་པས་ཟླ་1ཚེས་29ཉིན་《རང་བྱུང་སྐྱེ་ཁམས་དང་རིམ་འགྱུར་རིག་པ་》ཞེས་པའི་རིག་གཞུང་དུས་དེབ་ཐོག་ཁོང་ཚོའི་གསར་རྙེད་དེ་བཀོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1