༄༅།། ང་ཚོས་རྒས་སླ་བའི་གོམས་གཤིས་འདི་རིགས་ཅི་ནས་དོར་རོགས།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 07-16


ཞོགས་ཟས་མི་བཟའ་བ།

        ཞོགས་ཟས་མ་བཟས་ན་ཕོ་རྒྱུར་གནོད་པ་ཆེན་པོ་ཐེབས་ནས་དཀའ་ལས་ཁག་པ་དང་། ཕོ་བ་མི་བདེ་བ། མགོ་ན་བ་མ་ཟད། ད་དུང་མཁྲིས་རྡོའང་ཆགས་ཏེ་དེ་བས་རྒས་སླ་བ་ཡོད།

ཁོག་པ་སྟོང་པར་རྒྱུག་ཤར་གློད་པ།
        གལ་སྲིད་ཁ་ལག་གང་ཡང་མ་བཟས་པར་རྒྱུག་ཤར་གློད་ན། སྙིང་གཡུག་ཤུགས་ཆེ་རུ་ཕྱིན་ནས་སྙིང་གི་ཁུར་པོ་ལྕི་རུ་འགྲོ་བ་དང་། མཆིན་པའི་དྭངས་མ་དབྱེ་འབྱེད་ཀྱི་ནུས་པ་ཞན་པར་འགྲོ་བས་རྒས་སླ་བ་ཡོད།
ཉལ་ཁར་སོ་མི་འཁྲུད་པ།
        ཉལ་ཁར་སོ་མ་བཀྲུས་ན་སོ་རུལ་སླ་བ་དང་། སོ་རྙིལ་ནས་ཁྲག་དོན་པ་མ་ཟད། ད་དུང་སོ་བུད་བདེ་ལ་རྒས་སླ་བ་ཡོད།
ཉལ་ཁར་གདོང་མི་འཁྲུད་པ།
གདོང་གི་བྱུག་རྫས་དང་། ཐལ་རྡུལ། རྔུལ་ནག་སོགས་ཀྱིས་པགས་པར་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད་ལ། བ་སྤུའི་བུ་ག་སོགས་འགག་སྟེ་མགྱོགས་པོ་རྒས་སྲིད།

སྒྲོག་ཙེའི་སྒང་ལ་སྤུས་ཚད་ཡག་པོ་མེད་པའི་རས་འདིང་བ
སྤུས་ཚད་ཡག་པོ་མེད་པའི་རས་དག་གཙང་སྦྲ་བྱེད་ཁག་ལ་ཁ་ཤས་ལ་དུག་ཤེད་ལྡན་པས། འདི་རིགས་ཡུན་རིང་བེད་སྤྱོད་བཏང་ཚེ་རྒྱུན་ནད་རང་བཞིན་གྱི་དུག་ཕོག་པའི་ཉེན་ཁ་ཤིན་ཏུ་ཆེ།

ར་བཟི་རྗེས་ཇ་གར་པོ་འཐུང་བ།
        ཇ་ལོར་ཀོག་ཧྥེའི་བུལ་རྒྱུ་ལྡན་ཡོད་པས། དེ་ཨ་རག་ཉིང་ཁུ་དང་འདྲེས་ཚེ་མིའི་ལུས་པོར་གནོད་འཚེ་ཚབས་ཆེན་བཟོ་སྲིད་པས་མི་དེ་བས་རྒས་སླ་བ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1