ཡུལ་ཤུལ་གྱི་བྱ་གཟིགས་དུས་ཆེན་སྐབས་དང་པོར་བྱ་རིགས་115ཟིན་ཐོར་བཀོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-09


        ཟླ་9ཚེས་6ཉིན། ཡུལ་ཤུལ་དཔལ་ཐང་གཙང་པོ--གདོང་རྫོང་གི་བྱ་གཟིགས་དུས་ཆེན་སྐབས་དང་པོའི་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། ཀྲུང་གོའི་རྒྱལ་ནང་ནས་ཡོང་བའི་འགྲན་ཞུགས་རུ་ཁག་10ཡིས་དུས་ཡུན་ཉིན་3གྱི་རིང་ལ། ཁྱོན་བསྡོམས་བྱ་རིགས་115ཟིན་ཐོར་བཀོད་ཡོད་པ་དང་། དེའི་ཁྲོད་དུ་མཚོ་སྔོན་ཟི་ལིང་གི་བྱ་གཟིགས་ཚོགས་པས་བྱ་རིགས་75ལྟ་ཞིབ་ཟིན་ཐོར་བཀོད་ཡོད་པས་ཨང་དང་པོ་ཐོབ་པ་རེད། 
        "མིག་སྔར། ཀྲུང་གོའི་བྱ་གཟིགས་ལས་རིགས་ནི་དར་རྒྱས་ཆེན་པོ་བྱུང་ཡོད་ན་ཡང་། བྱ་གཟིགས་ལ་བརྟེན་ནས་ཡུལ་དེ་གའི་མི་སེར་ལ་ཕན་ཆ་སྐྲུན་པའི་ཉམས་མྱོང་ད་དུང་ཧ་ཅང་དཀོན་པས། ཡུལ་ཤུལ་གྱི་བྱ་གཟིགས་དུས་ཆེན་ལས་འདི་འདྲའི་ཚོད་ལྟ་བྱས་པ་ནི་རིན་ཐང་ཆེན་པོ་ལྡན་ཡོད"ཅེས་དབྱིན་ཇིའི་རིགས་གཅིག་མཁས་པ་Terry Townshendཡིས་བཤད།

        ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ནི་ཡ་གླིང་གི་དུས་བྱ་གནས་སྤོ་བྱེད་པའི་ལམ་ཐིག་གཙོ་བོ་གཉིས་ཏེ་དབུས་དང་ནུབ་གཉིས་ཀྱི་ལམ་ཐིག་ཏུ་ཆགས་ཡོད་པ་དང་། ཀྲུང་གོའི་བྱ་རིགས་བབ་སྡོད་དང་སྐྱེ་འཕེལ་ཁུལ་གལ་ཆེན་ཞིག་ཡིན་ཞིང་། ཞིང་ཆེན་འདི་ལ་ཁྱོན་བསྡོམས་བྱ་རིགས་292ཡོད་པ་དང་། ཚན་པ་44དང་རིགས་130ཡི་ཁོངས་སུ་གཏོགས་པས། ཀྲུང་གོའི་བྱ་རིགས་ལས་བཞི་ཆ་གཅིག་ཟིན་ཡོད་ཅིང་། ཐེངས་འདིའི་བྱ་གཟིགས་དུས་ཆེན་གྱི་རིང་གི་བྱ་རིགས་མཐོང་ཚད་ལས་མཚོ་སྔོན་ཞིང་ཆེན་གྱི་བྱ་རིགས་ཀྱི་40%ཙམ་ཟིན་ཡོད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1