སི་ཁྲོན་ཞིང་ཆེན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཁྲེན་ཏུའུ་རུ་འཚོགས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-22


        

        སྤྱི་ཟླ་དང་པོའི་ཚེས་21ཉིན།  སི་ཁྲོན་ཞིང་ཆེན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཁྲེན་ཏུའུ་རུ་འཚོགས།  ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་ཝང་ཏུང་མིང་གྲོས་ཚོགས་ཐོག་ཞུགས་པར་མ་ཟདགསུང་བཤད་གལ་ཆེ་གནང་། ཞིང་ཆེན་གྱི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་གྲོས་ཚོགས་ལ་ཞུགས། 

        ཝང་ཏུང་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་གི་གསུང་བཤད་གལ་ཆེ་ལས། དམངས་ལ་བརྕེ་སེམས་འཆང་བ་དང་ཏང་དང་རྒྱལ་ཁབ་ལ་འགན་འཁུར་བའི་སྙིང་སྟོབས་མཚོན་ཡོད། ང་ཚོས་གོམ་གང་མདུན་སྤོས་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སྲུངས་ལ་ངོ་རྒོལ་བྱེད་པར་ཁ་ཕྱོགས་གསལ་པོ་ཞིག་བསྟན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་འཐུས་མི་ཚོགས་ཆེན་འཚོགས་པའི་ཚུན་ནས་ཞིང་ཆེན་ཏང་ཨུ་ཡིས་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཁ་ཕྱོགས་བརྟན་པོ་དང་རུལ་སྲུངས་ལ་ངོ་རྒོལ་བྱ་རྒྱུ་དེ་རྒྱུན་འཁྱོངས་བྱས་ཏེ་མཐའ་གཅིག་ཏུ་འགན་འཁྲི་གཙོ་བོ་བྱེད་པ་དང་འགོ་ཁྲིད་ཚན་ཁག་གི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་དམ་ཏུ་བཟུང་།  ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱ་ཆེ་བའི་སྒྲིག་ཁྲིམས་ཞིབ་བཤེར་མི་སྣས་ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་གྱི་རེ་འདོད་ལྟར་ལག་བསྟར་ལེགས་པོ་བྱས་ནས་ལྟེ་བའི་ལས་འགན་དམིགས་ནས་ལས་འགན་བསྒྲུབས་པ་དང་ལས་དོན་ཧུར་ཐག་གིས་བསྒྲུབས་ནས་བྱས་རྗེས་གལ་ཆེ་བཞག་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1