དཀར་མཛེས་ཁུལ་གྱིས་བཟའ་བཅའི་སྲོལ་ཡིག་ཆུང་གྲས་གསུམ་དྲིལ་བསྒྲགས་བྱས།

ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 03-27


        ཉེ་ཆར། རང་ཁུལ་གྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི《སི་ཁྲོན་ཞིང་ཆེན་བཟའ་བཅའི་བཟོ་ཁང་ཆུང་གྲས་དང་ཚོང་ཁང་ཆུང་གྲས། དེ་བཞིན་དུ་ཁྲོམ་ཚོང་དོ་དམ་སྲོལ་ཡིག》སོགས་ཀྱི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་དེ་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད།
        ཐེངས་འདིའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི་བཟའ་བཅའ་ཉེན་མེད་དང་མི་སེར་ཁམས་བདེ་ཡོང་བ་ཞེས་པ་དེ་ཡིན་ཞིང་། སྲོལ་ཡིག་ཆུང་གྲས་གསུམ་དྲིལ་བསྒྲགས་ཤུགས་ཆེར་བཏང་བར་དམིགས་ནས། སྤྱི་ཚོགས་ལས་རིགས་ཁག་དང་མང་ཚོགས་ཡོངས་ཀྱི་ཧུར་སེམས་དང་། མ་བསྐུལ་དང་བླངས་ཀྱི་སེམས་པ།  གསར་སྐྲུན་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ནས་ཐུན་མོང་ཐོག་དོ་ཁུར་བྱེད་པ་དང་མཉམ་གཅིག་ཏུ་རང་ཁུལ་གྱི་བཟའ་བཅའི་བཟོ་ཁང་ཆུང་གྲས་དང་ཟ་ཁང་ཆུང་གྲས་ཀྱི་བཟའ་བཅའ་ཉེན་མེད་ཆུ་ཚད་མཐོ་རུ་གཏོང་བའི་དམིགས་ཡུལ་འགྲུབ་ཆེད་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་ཡིག་རིགས་དེབ་གྲངས2500བཀྲམ་པ་དང་ཟས་རིགས་བཟོ་ཁང་དང་ཟ་ཁང་ཆུང་གྲས་སོགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་མི500ལྷག་གཅིག་རྗེས་གཉིས་མཐུད་དུ་བྱེད་སྒོ་སྤེལ་ཡུལ་དུ་ཕྱིན་ནས་མ་བསྐུལ་དང་བླངས་ངང་སློབ་སྦྱོང་བྱས་པས་མ་ཟད་རང་ཉིད་ནས་འགོ་འཛུགས་རྒྱུ་དང་ཁ་བཤད་དོན་གནས་ཀྱིས་ཚོང་གཉེར་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་རེད།
        ཁུལ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྲོལ་ཡིག་ཆུང་གྲས་གསུམ་ཞེས་པ་དེ་ད་ལོའི་ཟླ་བ3པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཅུས་དེས་དྲིལ་བསྒྲགས་བྱེད་ཤུགས་སྔ་བས་ཆེ་རུ་བཏང་ནས་རྒྱ་ཆེ་བའི་གྲོང་མི་ཚོས་ཤེས་ཐུབ་པར་བྱ་རྒྱུ་དང་། དུས་མཚུངས་སུ་གྲོང་གསེབ་ལ་དྲིལ་བསྒྲགས་བྱས་ནས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་ཕྱོགས་ཡོངས་ནས《 སྲོལ་ཡིག》གི་ནང་དོན་ལ་རྒྱུས་ལོན་དང་ཞབས་ཞུ་གང་ལེགས་མཁོ་སྤྲོད་བྱ་རྒྱུ་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1