གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

ཟླ་བ་གཡུ་སྒྲོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༡༢ཉིན།

ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཕྱི་ཕྱོགས་སྣེ་ལེན་ཞབས་ཞུ་སྒྲུབ་འགོ་ཚུགས།

        མི་དམངས་དྲ་བའི་ཐོག་སྤེལ་བའི་གནས་ཚུལ། སྤྱི་ཟླ་བཅུ་པའི་ཚེས་བཅུ་གཅིག་ཉིན། པེ་ཅིང་མེ་ཏི་ཡ་གསོལ་མགྲོན་ཁང་དུ་བཙུགས་པའི་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཕྱི་ཕྱོགས་སུ་སྣེ་ལེན་ཞབས་ཞུ་སྒྲུབ་འགོ་ཚུགས་པ་དང་། ཚོགས་ཆེན་བཅུ་དགུ་པར་བཅར་འདྲི་ཞུ་མཁན་གྱི་ཀྲུང་ཕྱིའི་གསར་འགོད་པར་བཅར་འདྲིའི་ལག་ཁྱེར་སྤྲོད་པ་དང་། བཅར་འདྲིའི་རེ་ཞུ་བདག་སྤྲོད་བྱེད་པ། ཚོགས་ཆེན་ཐོག་བཅར་འདྲི་ཞུ་བའི་བྱེད་སྒོ་བཀོད་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་སྒྲུབ་འགོ་ཚུགས་ཡོད། 

        གསར་འགྱུར་ལྟེ་གནས་ཀྱིས་ད་དུང་གསར་འགྱུར་ཡོངས་བསྒྲགས་ཐིང་དང་། སྒེར་གྱི་བཅར་འདྲི་ཁང་། མཉམ་བསྲེས་སྨྱན་སྦྱོར་གྱི་བགྲོ་གླེང་ཁང་། རླུང་འཕྲིན་བརྙན་འཕྲིན་གྱི་བརྡ་རྟགས་ཞབས་ཞུ་ཁང་། དྲ་བའི་ཞབས་ཞུ་ཁང་། པར་རིས་ཞབས་ཞུ་ཁང་། སྨན་བཅོས་ཞབས་ཞུ་ཁང་སོགས་བཀོད་སྒྲིག་བྱས་ཡོད། གསར་འགྱུར་ལྟེ་གནས་ཀྱིས་ད་དུང་གསར་འགོད་པ་ཚོར་མཁོ་འདོན་བྱ་རྒྱུའི་ཞབས་ཞུ་གཙོ་བོའི་གྲས་སུ། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་གསར་འགོད་པའི་ཚོགས་འདུ། མཉམ་སྡེབ་བཅར་འདྲི། སྒེར་གྱི་བཅར་འདྲི། ཕྱི་རོལ་གཟིགས་སྐོར་བཅར་འདྲི་སོགས་སྒྲིག་འཛུགས་བྱ་རྒྱུ་དང་། ད་དུང་གསར་འགྱུར་ཡིག་ཆའི་ཞབས་ཞུ་དང་དྲ་བའི་འཕྲིན་གཏོང་འགན་སྲུང་ཞབས་ཞུ་མཁོ་འདོན། གསར་འགྱུར་ལྟེ་གནས་ཀྱི་དྲ་ཚིགས་དང་འཕྲིན་ཕྲན་སྤྱི་སྟེགས་བཀོད་སྒྲིག་སོགས་བྱ་རྒྱུ་ཡིན་པ་རེད། གཞན་ཡང་། གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པ་ངལ་གསོ་སར་ཇ་དང་སིལ་ཏོག་སོགས་རིན་མེད་ངང་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། །


  
 

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1