སྤྱི་དམངས་ཆོས་དད་འགན་ལེན་གྱི་ཆོས་སྲོལ་བཟོ་བཅོས་མ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 01-29


        མི་དམངས་དྲ་བའི་ཐོག་སྤེལ་བའི་གནས་ཚུལ། ཆོས་ལུགས་བྱ་དོན་སྲོལ་ཡིག་ཅེས་པ་སྤྱི་ལོ་2017ལོའི་ཟླ་6པའི་ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་བརྒྱ་དང་བདུན་ཅུ་དོན་དྲུག་ཐོག་བཟོ་བཅོས་བྱས་ནས་གྲོས་འཆམས་བྱུང་བ་དང་། བཟོ་བཅོས་རྗེས་ཀྱི་ཆོས་ལུགས་བྱ་དོན་སྲོལ་ཡིག་སྤྱི་ལོ་2018ལོའི་ཟླ་2པའི་ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ་རེད། 
        སྲོལ་ཡིག་ནང་ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་ལ་སྔར་བས་སྐུལ་འདེད་གཏོང་དགོས་པ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་བྱ་དོན་ཚན་པས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་མང་ཚོགས་ཀྱི་ཁེ་ཕན། འབྲེལ་བ་ཡོད་པའི་ཆོས་ལུགས་བྱ་དོན་ལ་དོ་དམ་བྱེད་དགོས་པ། ཆོས་དད་མང་ཚོགས་དང་དད་མེད་མང་ཚོགས། དད་པ་བྱེད་སའི་ཆོས་ལུགས་མི་འདྲ་བའི་མང་ཚོགས་ནས་ངེས་པར་དུ་ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་མཉམ་གནས་ཐུབ་པ་བྱེད་དགོས། ཆོས་ལུགས་སོ་སོས་ཁེར་འཛུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། སྒྲིག་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་ཆོས་ལུགས་མི་གཅིག་པའི་བར་དང་ཆོས་ལུགས་གཅིག་པའི་ནང་ཁུལ། དེ་བཞིན་ཆོས་དད་མང་ཚོགས་དང་ཆོས་དད་མེད་པའི་མང་ཚོགས་བར་འགལ་ཟླ་བཟོ་མི་རུང་བ་བཅས་ཀྱི་གཏན་འབེབས་བཟོས་ཡོད།
        དེ་དུས་མཚུངས། སྲོལ་ཡིག་ནང་ཆོས་ལུགས་བྱ་དོན་ཐད་དོ་དམ་བྱ་རྒྱུ་སྔར་བས་ཚད་ལྡན་དུ་གཏོང་དགོས་པ་དང་། ཁྲིམས་མཐུན་སྲུང་སྐྱོབ་དང་ཁྲིམས་འགལ་བཀག་འགོག ཐལ་སྤྱོད་གཏན་འགོག སིམ་འཛུལ་འགོག་སྲུང་། བྱས་ཉེས་རྡུང་རྡེག་བཅས་ཀྱི་རྩ་དོན་ཐོག་ཆོས་ལུགས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་མཉམ་འབྲེལ་དྲ་རྒྱའི་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་ཚད་ལྡན་བཟོ་བ་སོགས་ཀྱི་ཐད་ཤུགས་སྣོན་རྒྱག་རྒྱུའི་སྐོར་བཏོན་ཡོད་པ་རེད།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1