ཁམས་ཀྱི་ཟམ་པ་དང་པོ། སྤང་རི་ཟམ་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


        སྤང་རི་ཟམ་པ་ནི་ཉག་རོང་རྫོང་གི་ལོ་ལྔ་ཡུལ་ཤོག་གི་ཁོངས་སུ་ཡོད་ལ་ཡོན་རྒྱལ་རབས་ཀྱི་མཇུག་དང་མིང་རྒྱལ་རབས་ཀྱི་འགོ་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ས་གནས་དེའི་མི་སེར་རྣམས་རྩ་འཛུགས་བྱས་ཏེ་བཞེངས་པ་ཡིན་ལ་རྒྱལ་ཡོངས་ཀྱི་རྩ་ཆེ་བའི་རིག་དངོས་སྲུང་སྐྱོང་བྱེད་ཡུལ་ཡིན།

        སྤང་རི་ཟམ་པ་ནི་ཉག་ཆུའི་ཐོག་གི་བོད་ལུགས་ལྟར་ཤིང་རྡོ་ལས་གྲུབ་པའི་ཟམ་པ་གཅིག་པོ་ཁོ་ན་དེ་ཡིན་པས་ཁམས་པའི་ཟམ་པ་དང་པོ་ཞེས་སྐད་གྲགས་ཆེ། ཟམ་པ་དེ་ནི་ཟམ་གདན་དང་ཟམ་ངོས། ཟམ་པའི་ལྡིང་ཁང་བཅས་ལས་གྲུབ་སྟེ་རིང་ཚད་སྨི་120དང་ཞེང་ཚད་ལ་སྨི་3ཡོད་ལ་ལག་དཔུང་བརྐྱངས་པ་ལྟར་ཉག་ཆུའི་ཐོག་ལ་བསྲིངས་པ་ཡིས་བོད་མི་རིགས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་དང་གནའ་དུས་ཀྱི་འཛུགས་སྐྲུན་བཟོ་རྩལ་མཚོན་ནོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1